R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༢༨བ
[A:༢༨བ] ལོ་ཙཱ་བ་དཔོན་གཡོག་ས་ཐག་རིང་པོ་ལ་ངལ་ཞིང་ཚད་པས་གདུངས་ཏེ་གཉིད་ཀྱིས་མྱོས་པའི་སྔས་མགོར་མི་རིང་དཀར་པོ་གཅིག་སྙུག་ཁང་གི་མཐོངས་ཕྱེ་ནས་བྱུང་སྟེ། མ་ཉལ་མ་ཉལ་མྱུར་དུ་ཡར་ལ་ལོངས། མ་ཕེབས་ད་ལྟ་ལོངས་ལ་ལམ་དུ་ཞུགས། ཉལ་ན་རིན་ཆེན་སྲོག་དང་འབྲལ་བར་ཡོད། ང་ནི་བོད་ཁམས་ཡོངས་ཀྱི་ཡི་དམ་ཡིན། ཞེས་གསུངས་པས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་ནས་བྲོས། ནམ་ལངས་པ་དང་བལ་པོའི་རྒྱལ་ཕྲན་གཅིག་བི་ཀྲ་མ་ལར་འགྲོ་བ་དང་འཛོམས་ཏེ། དེ་དང་འགྲོགས་ནས་ཆུ་བོ་གངྒའི་འགྲམ་དུ་སླེབ་པ་དང། རྒྱལ་པོ་དབང་ཆེས་པས་སྔོན་དུ་གྲུ་ལ་སོང། དེར་ཉི་མ་འཕྱིས་པས་གསེར་རྣམས་བྱེ་མའི་འོག་ཏུ་སྦས་ནས། ཕྱོགས་གཞན་ཞིག་ཏུ་ཉལ་བ་ན། མཉན་པ་དཀར་པོ་གཅིག་གྲུ་ལ་སྐྱ་བ་ཆལ་ཆལ་འདེབས་ཀྱི་བྱུང། དེར་ལོ་ཙཱ་བས་ཁྱེད་སུ་ཡིན་གར་གཤེགས་དྲིས་པས། དཔོན་གཡོག་འཁོར་བཅས་བསུ་རུ་འོངས་པ་ཡིན། སེམས་ཅན་སྙིང་སྟོབས་ཆེན་པོས་འདིར་འོངས་ཚེ། འཕགས་པ་གྲུ་དང་མཉན་པ་ལྟ་བུ་ཡིས། འཇིགས་པའི་དུས་སུ་བསུ་སྐྱེལ་མ་བྱས་ན། སེམས་ཅན་ཉོན་མོངས་ཅན་གྱིས་ཇི་ལྟར་འགྲུབ། ཚུར་ཞུགས་བདུན་བརྒྱ་པོ་དེ་མ་ལུས་པར། འབོལ་ལེ་ཀྲ་མ་ལ་རུ་སྒྲོལ་བར་བྱ། ཞེས་ཟེར་བ་དང། གསེར་རྣམས་བཏོན་ཏེ་གྲུར་ཞུགས། མ་ཎི་བགྲངས་པས། མཉན་པ་ན་རེ། ངེད་ཁ་བ་ཅན་གྱི་ཐུགས་རྗེ་ཆེན་པོ་དེ་མ་ཎི་འདི་ལྟར་བྱེད་པ་ཡིན་ཟེར་ནས་བགྲངས་ཙ་ན། སྙན་པ། ཡིད་འཛིན་པར་གྱུར་པས། ཐེ་ཚོམ་དུ་གྱུར་ཏེ་ཁྱོད་སུ་ཡིན་ནམ་གསུང་ཙག་འབྱོན་པར་ཞུ་བྱས་པས། མཉན་པ་ན་རེ་ཚེ་དང་ལྡན་པ་སྔ་འགྲོགས་ཀྱི་དུས་སྤོབས་པ་མ་
མྱུར་
གཞུང་འགྲོགས་ཀྱི་དུས་ཁྲེལ་གཞུང་མ་ཆུང། ཕྱི་འགྲོགས་ཀྱི་དུས་སུ་ཕྱི་ཐག་མ་ཐུང་བྱ་བ། མ་ནུས་པའི་དུས་ཕན་པ་དང།