R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༢༩བ
[A:༢༩བ] ཚུལ་སང་ངེ་འཆད་པ་ཁྱོད་ཀྱིས་
ཀྱང་
དོན་འགྲུབ་ཏུ་རེ་བ་ཨང། ད་ལན་ངའི་རྩར་བྱས་པས་དྲག། ད་ཇོ་བོ་མིན་པ་གཞན་གྱི་རྩར་ཁར་མ་འདོན། རྒྱ་བརྩོོན་སེང་ལ་ཟུར་ཙམ་ཟེར་ནའང་རིགས། སྒ་སྒོ་ངས་བསྟན་ཟེར་ནས་ཁོ་ག་ལེ་སོང་བའི་ཕྱི་ལ་ལོ་ཙཱ་བས་མགྱོགས་པོར་ཕྱིན་པས་མ་སླེབ། ཁོ་བོད་ཀྱི་སྤྱི་ཁང་སྒོར་བསྒུགས་འདུག་པས། ལོ་ཙཱ་བ་ཡ་མཚན་ཞིང་ཐེ་ཚོམ་དུ་གྱུར་པ་དང། ཁོ་ན་རེ། བྱ་བ་ཆེན་པོ་བསྒྲུབ་པ་ལ་གོ་ལེ་མགྱོགས་པ་ཡིན། འདོོད་ཐག་མ་ཉེ་བར་རི་བོ་བགས་ཀྱིས་འཛེགས། ཁང་པ་འདི་ཡིན་ཟེར། ནང་དུ་ཕྱིན་པ་ན་ལོ་ཙཱ་བ་རྒྱ་བརྩོན་སེང་རྒྱ་དཔེ་ཚན་ཅི་གཟིགས་ཀྱི་འདུག་པ་ལ། ཕྱག་རྟེན་གསེར་མཚོན་བྱེད་རེ་ཕུལ་ནས། ལོ་ཙཱ་བས་ཁྱོད་རྣམས་དོན་ཅི་ལ་འོངས་གསུང། དེ་ལ་གོང་གི་ལོ་བརྒྱུས་རྒྱུས་རྣམས་ཞིབ་པར་ཞུས་པས། ཁོང་གི་ཞལ་ནས། ད་ཨ་ཏི་ཤ་གདན་འདྲེན་དུ་འོངས་སྐད་ཡེ་མ་ཟེར། སློབ་གཉེར་ལ་ཡོངས་ཟེར་བ་སྨོས། གནས་བརྟན་རཏྣཱ་ཨ་ཀཱ་ར་དབང་ཆེ་བས། དེས་ཚོར་དུ་ཡེ་མི་བཏུབ། ད་ལྟ་རང་ཁོང་ལ་གསེར་སྲང་ཕྱེད་ཕུལ་ལ། ངེད་བོད་ནས་འོངས། པཎྜི་ཏ་ནི་སྤྱན་མ་འདྲོངས། ད་ཁྱེད་ཀྱིས་པཎྜི་ཏ་དང་ཁྱད་མེད་པའི་སློབ་གཉེར་ཅིག་ཐུགས་ལ་འདོགས་པ་ཞུ་ཞེས་ཞུས། དེ་ནས་ཀྱང་རིངས་རིངས་དང་བློ་མ་ཕེབས་པ་མ་བྱེད་པར་སློབ་གཉེར་གྱིས་ལ་སོས་བསྡོལ། དེ་ནས་འོ་ཅག་ཐབས་མཁས་པོས་ཇོ་བོ་ལ་ཞུ་བ་བྱེད་པ་ཡིན་གསུང། དེ་ནས་ནག་ཚོ་ལོ་ཙཱ་བ་ཅི་གསུང་ལྟ་བའི་ཆེད་དུ་མགོན་པོ་ཨ་ཏི་ཤ་ཅིས་ཀྱང་གདན་མ་འདྲོངས་དྲོངས་ན། དེའི་འོག་ནས་གང་ཆེ་བའི་པཎྜི་ཏ་ཅིག་གདན་དྲངས་ན་ཞུས་པས། ལོ་ཙཱ་བའི་ཞལ་ནས་