[A:༣༡ན] འབྱོན་པའི་པཎྜི་ཏ་ཅིག་ཡིན་ཟེར། འདི་ལ་ཡོན་ཏན་ཇི་ཙམ་ཡོད་བྱས་པས། འདིའི་ཡོན་ཏན་གྱི་ཚོད་ངེད་ཀྱིས་མི་ལོན་ཟེར་ནས། ཨ་ཏི་ཤ་ཡིན་པ་འཆད་མ་ཉན། དེ་ནས་ནག་ཚོས་གཙུག་ལག་ཁང་གི་སྒོ་དྲུང་དུ་ཤེས་རབ་སྙིང་པོའི་མེད་ཀྱི་ཐད་དུ། གཟུགས་ཧ། ཚོར་བ་ཧ་བྱས་པས། པཎྜི་ཏ་གཞན་རྣམས་ཅང་མི་གསུང་བ་ལ། ཇོ་བོ་ཞལ་འཛུམ་མཛད་དེ་ཚེ་དང་ལྡན་པ་དེ་ཕལ་སྐད་ཡིན། གཟུགས་ཨ། ཚོར་བ་ཨ་ཟེར་བ་ཡིན་གསུང། ནང་པར་དེ་ལྟར་བཏོན་པས་ཇོ་བོའི་ཞལ་ནས། དེ་ཡང་གྱོང་པོ་གཅིག་ཡོང་བར་སྣང། སྤྱན་རས་གཟིགས་ཀྱི་གསུང་ཡིན། གཟུགས་མེད། ཚོར་བ་མེད་གྱིས་གསུངས་པས། ལྷག་པར་དད་དེ་རྗེས་སུ་འབྲངས་པ་ན། སྤྲང་པོའི་ཚོགས་ལ་ཟན་གནང་བ་མཐོང་བས། བྱིས་པ་གཅིག་གི་སྐལ་བ་ཆད་དེ་ཕྱི་ལ་བརྒྱུག་ཅིང། ཨ་ཏི་ཤ་བྷ་ལ་ཧོ། བྷ་ར་འོན་ཟེར་བ་ཐོས་པས་ཨ་ཏི་ཤ་ཡིན་ངེས་སྙམ་ནས་ཡུས་ཀྱིས་དངངས་ཏེ་ཕྱི་ལ་ཕྱིན་པས། དེར་བཞུགས་ཏེ། ཚེ་དང་ལྡན་པ་བདེན། མཆི་མ་མ་འབྱིན། ཁྱེད་བོད་ད་དུང་ངས་བློས་བཏང་བ་མེད་ཀྱི། དཀོན་མཆོག་ལ་གསོལ་བ་ཐོབ་གསུང། དེ་ནས་ལན་གཅིག་རྒྱའི་གཟིམས་ཁང་དུ་ཚུལ་ཁྲིམས་རྒྱལ་བས་ཇོ་བོ་སྤྱན་དྲངས་ནས་གསེར་སྲང་བདུན་བརྒྱ་མཎྜལ་དང་བཅས་པ་ཕུལ། ཇོ་བོ་སྤྱན་འདྲེན་པ་ལ་བོད་ཀྱི་མི་ནོར་སོང་བ་དང་ཆོས་རྒྱལ་ཁུ་དབོན་གྱིས་ཁྱེད་ཀྱི་ཕྱོགས་སུ་དཀའ་བ་སྤྱད་ལུགས། བོད་ན་ལོག་ཆོས་ཡོད་ཚུལ་ལ་སོགས་པ། ལྷ་བཙུན་པས་ཞུ་བ་བསྐུར་བ་རྣམས་རྒྱ་བརྩོན་འགྲུས་སེང་གེས་རྒྱས་པར་སྙན་དུ་གསོལ་ཏེ། ད་དེ་ཡང་ཚེ་དང་ལྡན་པ་འདི་ཇོ་བོ་སྤྱན་འདྲེན་པ་ལ་བཏང་བར་འདུག་པ། མགོན་པོ་
ལ་
དེ་གཉིས་ཀྱིས་ཇི་ཙམ་པའི་དཀའ་བ་སྤྱད་ཀྱང་འདོད་པའི་དོན་མ་གྲུབ་པ་དེ་བོད་ཀྱི་སེམས་ཅན་རྣམས་སྙིང་མི་རྗེ་འམ། ལྷག་པར་ཡང་
གུང་ཐང་