R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༣༤ན
[A:༣༤ན] ཇོ་བོ་དཔོན་སློབ་རྣམས་ལ་བར་ཆད་བྱེད་པར་བརྩམས་པས། ཇོ་བོས་སྒྲོལ་མའི་སྐྱེད་རིམ་གྱིས་རེངས་པར་བྱེད་པའི་ཇག་ཆིངས་མཛད་དེ། ཐམས་ཅད་ལྟེར་ཆོ་བཞིན་དུ་སོང། དེ་ནས་བལ་པོའི་མཐར་ཕེབས་པ་ན། མུ་སྟེགས་བསམ་པ་ངན་པས་རང་ཕུང་བར་བྱས་པ་ཡིན་གསུང་ནས། བྱེ་མ་ལ་སྔར་བཏབ་ཏེ་ཚོང་པ་ལ་བསྐུར་ནས། ལམ་ཁ་ན་གཟེར་ཕུལ་འདི་འདྲ་བ་ཡོད་པས་བྱེ་མ་འདི་གཏོར། ལངས་འོང་གི་བྲེད་མི་དགོས་ངེད་ཀྱིས་བཅིངས་པ་ཡིན་གསུང། ཚོང་པ་རྣམས་ཀྱིས་དེ་ལྟར་བྱས་པས་གྲོལ་ཏེ་སོང་ངོ། དེ་ནས་འཕགས་པ་ཤིང་ཀུན་དུ་ཕྱགས་ཕེབས་པ་ན། རྒྱ་གར་ནས་ཁྱེར་བའི་དོས་རྣམས་དང། ལྷ་བཙུན་པའི་བསུ་བ་
གཙོ་བོ་
མི་བཅུ་དྲུག་ཀྱང་དེར་སླེབ། དཀོན་མཆོག་གི་མཆོད་པ་དང། བོད་ལུགས་ཀྱི་གདན་གྱི་བཀོད་པ་བཟང་པོ་བཤམས་ཇོ་བོ་ཏ་ལའི་བསིལ་གྲིབ་ལ་གྲལ་གྱི་གུང་ལ་སྤྱན་དྲངས། གཙོ་བོ་སུམ་པ་བྱ་བས་དཀར་ཡོལ་འབྲུག་རྒྱབ་གསེར་སྲང་ལྔ་རི་བ་ཇ་བཙོ་མས་བཀང་སྟེ་ཕུལ་བས། འདི་ལ་ཅི་ཟེར་གསུང། བོད་ཀྱི་རབ་ཏུབྱུང་བཏུང་བ་ཇ་ཟེར་ཞུས་པས་ཤིན་དུ་མཉེས། ཇ་བུ་རམ་སོགས་ཀྱིས་བསྙེན་བཀུར། གཙོ་བོ་ལོ་དྲུག་གིས་རྟ་མཆོག་དཀར་པོ་མཐོང་སྨོན་ཁྱུང་གཤོག་བྱ་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་དང། དར་དཀར་པོ་ཡུག་རེ་ཕུལ། དེར་དགེ་བསྙེན་ཆོས་འཕེལ་གྱི་སྤྲུལ་པ་འབྲོག་ཕྲུག་གཅིག་གིས་ལི་ཡུལ་ནས་ཇོ་བོ་འཇམ་དཔལ་རྡེ་རྗེ། ལིའི་རྒྱལ་པོའི་ཞུ་ཡིག་དང་བཅས་ཏེ་ཕེབས་པས། ཇོ་བོའི་ཞལ་ནས་རྟེན་འབྲེལ་ཐམས་ཅད་ལེགས་གསུང་སྟེ་ཤིན་དུ་མཉེས། དུས་དེར་ལོ་ཙཱ་བ་རྒྱ་བརྩོན་སེང་མཉེལ་བའི་ཚུལ་བསྟན་ནས། ད་ནི་ཨུ་པཱ་སི་ཀ་ཕོད། ང་ནི་རང་བཞིན་གནས་སུ་འགྲོ། མི་ལ་ཡིད་ཆེས་མི་སྐྱེ་བས།