R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༣༦ན
[A:༣༦ན] གདུལ་བྱའི་དབང་གིས་ཞིང་གཞན་དུ་གཤེགས་ནའང། ཕྱིས་དཀོན་མཆོག་གི་སྐྱབས་འོག་ནས། ལྷ་བཙུན་ཆེན་པོས་དབུ་བགྱིས། བློན་འབངས་ཐམས་ཅད་བཀྲ་ཤིས་ཡར་ཡོད་ཅེས་ཞུས། དེ་ནས་ཇོ་བོ་དཔོན་སློབ་རིམ་གྱིས་མཚོ་མ་ཕམ་གྱི་འགྲམ་དུ་ཕྱགས་ཕེབས། དེར་ཆུ་སྦྱིན་མཛད་པ་གུང་ཐང་པས་གཟིགས་པས། མཚོའི་དཀྱིལ་ན་ཁ་སརྤ་ཎ་བཞེངས་པའི་ཕྱག་གི་མཐིལ་ན་ཧྲི༔་དཀར་པོ་གཅིག་ལས་བདུད་རྩིའི་རྒྱུན་བབས་པས་མཚོ་ལུད་པ་ཙམ་དུ་གྱུར་པ་ཡི་དགས་དཔག་ཏུ་མེད་པས་འཐུངས་ཏེ་ཚིམ་པ་མཐོང། དེ་ནས་ཨ་ཏི་ཤ་མཚོ་མ་ཕམ་གྱི་འགྲམ་དུ་ཕེབས་ཟེར་བ་མངའ་རིས་སྐོར་གསུམ་གྱིས་ཐོས། དེའི་ཚེ་མངའ་རིས་ན་རིན་བཟང་བལ་པོར་ཧ་སུ་ཞེས་མཉམ་པར་གྲགས་པས། ཨ་ཏི་ཤ་བསྟན་པའི་མངའ་བདག། བལ་པོའི་རྒྱལ་པོ་ལ་སོགས་པས་ཞབས་སྤྱི་བོར་བླངས་པ། བལ་པོ་ཧ་སུས་མ་བཟོད་པར། མངའ་རིས་ན་མར་རྣལ་འབྱོར་པ་འཁྱམ་པོ་བཏང་ནས། ཨ་ཏི་ཤའི་ཕྱིར་དུ་མི་ནོར་དེ་ཙམ་གཏོང་བ་ལས། བལ་པོ་ཧ་སུ་བོས་ན། ད་ཙམ་མི་ནོར་ཆོས་གསུམ་འཛོམ་པ་ཅིག་འོང་བར་ཡོད་དེ། ཅེས་བསྒྲགས་ཀྱང་གནོད་པར་མ་ནུས། དེ་ནས་བློན་པོ་ལྷའི་བློ་གྲོས་ཀྱིས་མངའ་རིས་སུ་ལྷ་བཙུན་པའི་དྲུང་དུ་སླེབ་ནས་ཞུ་བ་མཛད་པ། ཐམས་ཅད་མཁྱེན་པས་བལ་པོར་ཕེབས། བལ་པོའི་རྒྱལ་པོ་འཁོར་དང་བཅས་པས་བསྙེན་བཀུར་ཞིང་། རྒྱལ་པོ་ཡབ་ཡུམ་སྲས་རྟ་པ་བརྒྱའི་ཚོགས་དང། ཨ་ཏི་ཤའི་འཁོར་པཎྜི་ཏ་ཆེན་པོ་གསུམ། གུང་ཐང་པ་ལ་སོགས་པ་སྡེ་སྣོད་འཛིན་པ་སུམ་བཅུ། རྒྱལ་པོ་སའི་སེང་
གྷ་
ཞེས་པ་རྒྱ་གར་ནུབ་ཕྱོགས་ཐམས་ཅད་ཀྱི་བདག་པོ་རྒྱལ་སྲིད་སྤངས་ནས་ཨ་ཏི་ཤའི་ཐུགས་དམ་བསྐུལ་བའི་རྐྱེན་མཛད་དུ་བྱོན་པ། མདོར་ན་བསུ་སྐྱེལ་བ་རྟ་པ་བཞི་བརྒྱ་སུམ་བཅུ་རྩ་