R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༠༢
[A:༡༠༢]མན་ཙམ་གྱི་རེ་ཞིག་ཡོད་པ་ཡིན་ནའང་གྲིབ་ཁོ་ནས་རྨུགས་ནས་ཤེས་རྒྱུ་དང་དྲན་རྒྱུ་ཅི་ཡང་མི་འདུག །ཁྱོད་ཀྱི་ཆ་ལུགས་དགེ་སྦྱོར་སོགས་འདི་ཁོ་ན་རང་མིན་ཙམ་ཞིག་ཡོད་པ་ཡིན། ད་ཐབས་ཆེར་མི་འདུག ཅིས་ཀྱང་རུ་ལག་རྒྱང་ལ་རྒྱུག །ངའི་སྲིང་མོས་ཞབས་ཏོག་ཀྱང་བྱེད་པ་ཡོད་བྱུང་ན་ཞག་ཁ་ཡར་སྡོད་ལ་ཁ་ཏོན་གྱིས་ཟེར་བ་སོགས་བསླབ་བྱ་མང་པོ་བྱས། ང་ཡང་མགར་བ་འདིས་སྔར་ང་ལ་ཕྱག་འཚལ་གྱི་ཡོད་དེ་ད་ལམ་ལྡང་བ་ཙམ་ཡང་མ་བྱས་སྙམ། སྙས་དོགས་ཀྱི་ཁུངས་བྱས་གཏམ་ལན་ཆེར་མ་བཅལ། དེ་གའི་ངང་ལ་གཉིད་སད། དགོད་བྲོག་གང་ཡིན་ནམ་བསམ་པ་ཙམ་བྱུང༌། དེ་ནས་ཞག་འགའ་ནས་བཙུན་པ་ཞིག་གིས་ཁྲིད་ནས་རྒྱང་ཡིན་ཟེར་བ་ཞིག་ལ་ཕྱིན་པས་ས་འོག་ནས་ཤེལ་གྱི་སྦ་ཚིགས་བརྩེགས་པ་རིང་པོའི་ཁ་ན་ད་ལྟའི་རྒྱང་དམར་འདི་འདུག་ནས་མི་ཐར་རམ་སྙམ་པའི་ཚེ་བུད་མེད་གཅིག་གིས་ལག་འཐེན་བཏབ་ནས་སླེབ་སྐབས། ནང་དེ་ནས་སྔགས་པ་རྒན་པོ་ཞིག་བྱུང་ནས་ང་ལ་འཁྱུད་དེ་ངུ་ཞིང་བོད་བསོད་ནམས་དམན། ཁྱོད་གྲིབ་ཀྱིས་བསླད། ཁྱོད་རང་གང་ཡིན་ཡང་ངོ་མི་ཤེས་པ་འདི་འདྲར་བྱུང་འདུག །འདི་ན་ཁྱོད་རའི་ཕ་ནོར་ཡོད་པས་ལྟོས་ཟེར། གསེར་ཁང་གི་གདུང་ལྡེབས་ལ་ཤིང་ཆོལ་འདུག་པའི་ནང་ནས་པོ་ཏི་ཆུང་ངེ་བ་ཞིག །རིལ་བུ་དམར་པོ་སྲན་ཚོས་ཙམ་གྱིས་ཕྱུར་བུར་གང་བའི་ཐོད་པ་ཁ་སྦྱོར་ཞིག །ཤེལ་གྱི་རྡོ་རྗེ་སེམས་དཔའི་སྐུ་མཐོ་གང་ཙམ་ཞིག་རྣམས་འདུག་པའི་སྒོ་རྩ་ན་བྲམ་གཟུགས་འདྲ་བ་གཉིས་ཀྱི་མདུང་རྩེ་སྤྲད་ནས་མནན་པའི་འོག་ནས་ལཉྩའི་ཡི་གེ་འདི་ཨུ་ཙ་ར་ཎ་