R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༠༤
[A:༡༠༤]ཧ་ཅང་མི་རིང་བ་ན་སློབ་དཔོན་པདྨས་རྒྱང་མ་གཏུལ་དུས་ཕུར་པ་བརྒྱབ་པའི་ཤུལ་ཡོམ་པོ་ལུང་བྱ་བའི་བྲག་ཕུག་ཕུར་པའི་དབལ་གྱི་དབྱིབས་འདྲ་མོ་བྱས་པ་ཞིག་འདུག་པ་དེ་མཇལ་དུ་ཕྱིན། དེ་ནང་ཆུ་ཤུ་གསར་པ་ཆུས་ལྡེམ་གྱིས་གང་བ་ཞིག་འདུག་པ་རྒྱང་བའི་མི་འདྲ་ཡོད་པ་ཚོ་ན་རེ་འདི་ན་དེང་ཞག་བཞུགས་མཁན་མེད་ནས་ཟླ་བ་བཞི་ཙམ་སོང་འདི་ཅི་ཡིན་ནམ་ཟེར། གཅིག་ན་རེ་ངས་ད་ནང་རང་ཡོངས་ཏེ་ནི་མི་འདུག་ཟེར་བ་ལ་སློབ་དཔོན་པདྨའི་སྒྲུབ་ཁང་ཡིན་པས་དངོས་གྲུབ་ཀྱི་མཚན་མ་ཞིག་ཡིན་ནམ་སྙམ། ཆུ་དེ་ནས་ཡོག་ཚད་བཏུང༌། བླ་མ་སྐུ་གསུམ་གྱི་གསོལ་འདེབས་དང༌། ཧཱུྃ་རིང་ཧཱུྃ་ཐུང་བར་མ་འུར་མ་བྱས། ཆུ་ཤུ་དེ་ཁྱེར་འགྲོ་བྱས་པས་ཆོས་མཛད་ལེགས་བཤད་པས་མིའི་ལུང་པའི་ས་ཆར་བདག་པོས་བཞག་པའི་ཆུ་ཤུ་འཁྱེར་བས་རྒྱབ་འདྲེ་ཉོ་བ་ཡིན་ནམ་ཟེར་བསྒྱུར་སྦྱང་དང་བཅས་མཁུར་མ་འདོད། བྲག་ཕུག་དེའི་ལོགས་ལ་གཡུང་དྲུང་རིས་དང༌། རྡོ་རྗེ་རྒྱ་གྲམ་དང༌། ཧྲཱིཿལ་སོགས་པ་གཏེར་རྟགས་མང་པོ་འདུག་པ་དང༌། རྒྱང་གསེར་ཁང་གི་གདུང་གི་ལྡེབས་ལ་ཤིང་ཆོལ་བྱས་པའི་གཏེར་སྒོ་ཞིག་འདུག་པ་གསལ་བར་མཐོང༌། དེ་ནས་བོ་དོང་རྫོང་དུ་སླེབས། རེ་ཞིག་མཚམས་དམ་པོ་བྱས་པའི་ཁ་ཏོན་བྱས། བླ་ཆེན་ཐུགས་རྗེ་ཅན་དེ་ལས་བཀའ་རྒྱས་འབྲིང་བསྡུས་པ་སོགས་ལུང་གི་ཚོགས་རབ་ཏུ་མང་པོའི་སྐུ་དྲིན་ཞུས། ལོ་ཉེར་གསུམ་པར་སླེབས་པའི་རྟ་ལོ་ཟླ་བ་དགུ་པའི་ནང་དུ་སློབ་དཔོན་བྱམས་པ་བ་དཔོན་སློབ་རྣམས་བྱང་ཕྱོགས་རི་བོ་བཀྲ་བཟང་ལ་རྗེ་སྔགས་འཆང་ཆེན་པོ་ཆོས་སྐྱོང་བསོད་ནམས་སྤྱན་འདྲེན་