R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༠༥
[A:༡༠༥]པའི་སྙན་གསན་འབེབས་པ་ལ་བརྫངས༌། བར་ཆད་སེལ་ཕྱིར་བཀའ་སྲུང་ཨེ་ཀ་ཛ་ཏི་ཐང་ལྷ་དམ་ཅན་དང་བཅས་པ་ལ་གསོལ་ཁ་རྒྱས་པ་ཉིན་རེ་བཞིན་བྱས་པའི་ནུབ་ཅིག་རྨི་ལམ་དུ་བོ་དོང་གི་ཁང་པའི་སྟེང་ནས་བལྟས་པས་བྱང་ཕྱོགས་ཐག་རིང་པོ་ན་ཐང་ལྷའི་གངས་ཡིན་ཟེར་བའི་ཤེལ་དཀར་པོ་ཟུར་བརྒྱད་པ་འདྲ་བའི་གངས་རི་མཐོན་པོ་དྭང་སང་ངེ་བ་ཞིག་འདུག་པའི་མཁྲིས་སྤྲིན་ཟམ་འདྲ་མོ་ཞིག་བརྒྱུད་ནས་སླེབ་གངས་དེ་ལ་སྒོ་ཞིག་འདུག་པ་ན་ཡར་ཞུགས་ཏེ་ཕྱིན་པས་དུང་གི་ཁོག་པའི་ཁྲེམ་ཉེར་ལྟ་བུ་ཞིག་ལ་སྒོར་སྒོར་རིམ་བཞིན་ཕྱིན་པས་རྩེའི་ནང་ན་ཁང་པ་བཀོད་པ་ཕུན་སུམ་ཚོགས་པ་ལོངས་སྤྱོད་ཀྱི་བྱེ་བྲག་བརྗོད་ཀྱིས་མི་ལང་བས་གང་བ། དེའི་དབུས་ན་ཐང་ལྷ་ལ་སློབ་དཔོན་པདྨས་ཕུར་པའི་དབང་གནང་དུས་ཀྱི་དཀྱིལ་འཁོར་ཡིན་ཟེར་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཁྲ་ཡལ་ལེ་བ་ཞིག་གི་དྲུང་ན་མར་མེ་ཁྲག་ལྟ་བུ་དམར་ཏིང་ངེ་བ་ཞིག་ཡལ་ལ་ལ་འབར་གྱི་འདུག །དེ་ནས་སྐྱེས་པ་བརྗིད་ཆགས་ཤིག་འདུག་པ་དེས་བདག་ལ་བནྡེ་ཆེན་པོ་ལ་གཞིས་ལེན་གྱིས་ཟེར་འཁུར་བ་ཤས་ཆེ་བའི་བཟའ་བཏུང་མང་པོ་བྱིན། ཤེལ་དཀར་པོ་ཁྲུ་གང་ཙམ་ཞིག་ཀྱང་བྱིན་པ་རྨིས། སྐབས་ཤིག་བུད་མེད་སྨུག་ཚོན་མ་ཆེན་པོ་ཞིག་བྱུང་ནས་བྱང་པ་ཡོང་བ་ཡོད་ཟེར་བ་ཞིག་ཀྱང་རྨིས་པས་དོན་གྲུབ་པར་གོ །སློབ་དཔོན་པས་རིམ་བཞིན་བྱོན་བཀྲ་བཟང་དུ་ཚེས་བཅུའི་ཉིན་སླེབ། རིན་པོ་ཆེ་འདུ་ཁང་ན་ཚེས་བཅུ་གྲོལ་དངོས་གྲུབ་འགྱེད་ཀྱིན། ཉི་མ་ཟླ་བ་ལྟ་བུའི་