R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༠༨
[A:༡༠༨]ཟབ་མོའི་ཆོས་ལ་སེམས་ཞུགས་པས། སྔར་འགྱུར་གྲུབ་ཆེན་དམ་པ་དེ་ལ་གཏུགས། སྔ་འགྱུར་སྲུང་མས་སྟོང་གྲོགས་བྱས་པའི་མཐུས། །སྔ་འགྱུར་གདམས་པའི་ཉིང་ཁུ་ཉམས་སུ་མྱོང༌། །རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་གྲུབ་ཆེན་བརྒྱད། །ཡུན་རིང་དུས་ནས་བསྙེན་པའི་ལྷ་ཡིན་ལ། །འདིར་ཡང་ཆོས་འདི་ཕྱོགས་བཅུར་རྒྱས་བྱེད་པའི། །རྟེན་འབྲེལ་ཟབ་མོ་ཀུན་གྱིས་མཐུན་གྲུབ་བྱུང༌། །དྲིན་ཅན་སྔགས་འཆང་དབང་པོ་དགོན་གསར་བས། །བསྐྱེད་རྫོགས་གདམས་པའི་རྒྱལ་སྲིད་བདག་ལ་གཏད། །ངེས་དོན་རྩོལ་མེད་ཐེག་པའི་རང་ངོ་སྤྲད། །བསམས་བཞིན་བཀའ་དྲིན་དྲན་ནོ་ཐུགས་རྗེས་སྐྱོབས། །ལོ་ཉེར་བཞི་ལོན་པའི་ལུག་ལོ་ཟླ་བ་དྲུག་པའི་ཚེས་བཅུའི་ནུབ། ཁང་པ་ཕུ་མདའ་བྱས་པ་ཞིག་ན། བུད་མེད་ཅིག་གིས་དཀོན་གཉེར་བྱས་ནས་ཁང་པ་ནང་མ་དེར་ཕྱིན་པས། རྩའི་གདན་གཅིག་ལ་ལྡེར་སྐུ་འདྲ་མོ་ལ་ཟོང་མ་དཀར་པོའི་གོས་བྱས་པའི་སློབ་དཔོན་པདྨ་ཞིག་འདུག་ནས། བུད་མེད་དེ་ན་རེ། འདི་སློབ་དཔོན་པདྨ་དང་མཇལ་བའི་སྣ་ཤན་བྱེད་མཁན་གྱི་སློབ་དཔོན་པདྨ་དེ་ཡིན། ཡིན་པ་སྐུ་དངོས་ཡིན་ཀྱང་མི་ཚོས་མ་དད་པ་བྱས་པས་ལྡེར་སྐུར་སོང་བ་ཡིན་ཟེར་བས་དད་གུས་གང་ཡང་བྱས་པའི་རྨི་ལམ་ཞིག་བྱུང༌། བབས་དེ་ག་ཡིན་པ་ལ། རིམ་བཞིན་སྤ་ལོ་དང་སྐུ་ཤ་སོགས་དངོས་སུ་སོང་བའི་རྣམ་པ་ཅན་དེ་འདྲའི་རྨི་ལམ་བསྟུད་ནས་བྱུང་དགོད་བྲོ་གང་ལ་ལྟའམ་སྙམ་ཙ་ན། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་མངའ་རིས་རིག་འཛིན་ཆེན་པོ་སྤྱན་འདྲེན་ཞུ་མཁན་མེད་པར་བོ་དོང་དུ་བྱོན་འདུག་པ་