R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༡༡
[A:༡༡༡]པས་ཕན་ནམ་སྙམ། གུ་རུ་དྲག་དམར་ཉང་ལུགས་ཀྱི་དཀྱིལ་འཁོར་བཞེངས་ནས་སྒྲུབ་མཆོད་ཚར་བཅོ་ལྔ་ཚོགས་འཁོར་དང་བཅས་པ་ཞིག་ཀྱང་བྱས། རིག་འཛིན་ཆེན་པོའི་གསུང་གིས། འགོང་པོ་ཨར་གཏད་ཅིག་བསྒྲུབས་ནས་མནན་ན་ཕྱོགས་འདིར་བདེ་གཟར་མི་འབྱུང་གསུང་མོད། བདུད་དབང་ཆེས་པས་བྱེདདགོས་ཞུ་མཁན་མེད་པའི་ཁར། རྗེ་བཙུན་དཔོན་སློབ་ཚོས་ཤན་ཁོང་བོན་ཁོངས་ཀྱི་རྣམ་པས་བཀའ་བཀྱོན་མང་པོ་མཛད། དེའི་ཞོར་ཞལ་ངོ་ནང་བཟན་ཚོས་བཏེག་ནས། ཕྱོགས་དེར་དད་པ་བྱེད་མཁན་ངེད་གཉིས་གསུམ་ལས་མ་བྱུང་གསུང་ལས་ཡར་ལམ་གཡུང་པ་ལ་འགོང་པོ་ཨར་གཏད་སྒྲུབས་ཀྱི་བྱས་ཀྱང་ཁས་མ་བླངས། འདིར་ཡང་མི་མཛད་འདུག །བདེ་གཟར་ལངས་ན་ཁེ་ཡོད་དགོངས་པར་གདའ་ནའང༌། གུས་སུབས་ཐེབས་མེད་པ་ཞིག་འབྱུང་སྟེ། མི་ཉན་ཙ་ན་བྱ་ཐབས་མི་གདའ། ཁྱེད་རང་ཡང་འདི་ལས་སྔ་བ་ཞིག་འཕྲད་ན། ལྷོ་ནག་གི་དུག་རི་ནས་བྱོན་པའི་མགོན་པོའི་སྐོར་ཅིག་ཡོད་པ་དེ་ཁྱོད་རང་གི་ཆོས་སྐལ་ཡིན། དེ་འཕྲོད་ནའང་ལེགས་པོ་ཞིག་ཡོང་བ་ཡོད་དེ་མ་འཕྲོད། དེ་ཐེངས་ཅིག་ལ་བྱེད་རྒྱུ་མི་གདའ་གསུངས་ཏེ། ཕྱིས་དེ་ཁོ་ན་བྱུང་བ་འདི་ཡིན་མོད། མི་རྣམས་བདུད་དབང་གྱུརཚེ་ལོག་ཤེས་རྣོ། །མི་བསླུ་ངེས་པའི་དམ་པ་ཟོག་པོར་འཛིན། །མི་མིན་མི་དང་ལྷ་མིན་ལྷ་རུ་མཐོང༌། །མི་འོས་བྱ་བ་སྒྲུབ་ལ་ཆས་པ་བཞིན། འོན་ཀྱང་སྔོན་གྱི་སྨོན་ལམ་