R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༡༠
[A:༡༡༠]ཅན་ཕྱག་གཉིས་ཉི་ཟླ་ཆ་ལང་རྡེབ་པའི་རྣམ་པ་ཅན་ཞིག་འདུག་པ་ལ། དེ་ཐིམ་རང་ཟེར་རྒྱུ་ནི་མ་བྱུང༌།ང་རང་ཡང་དེ་ལྟ་བུའི་ལྷ་ཞིག་ཏུ་སོང་ནས་རྣམ་པ་གསལ་ལ་ཟིལ་ཆགས་པ་ཞིག་བྱུང༌། སྔར་ནི་དེ་འདྲའི་ལྷ་མཐོང་ཐོས་ཡེ་མེད་ཅི་ཡིན་སྙམ་རིག་འཛིན་ཆེན་པོ་ལ་ཞུས་པས། བཞད་ཅིང་ལྷ་དེ་འདི་ན་ལ་གསུང་ནས་ཡི་གེ་མིག་གིས་མི་ཟིན་པ་ཚོད་བྱས་པའི་དཔེ་ཆུང་ཞིག་འདུག་པ་བསྟན་ཏེ་འབྲས་མོ་གཤོངས་སུ་རྗེ་ཉིད་ཀྱིས་དངོས་སུ་གཟིགས་པའི་སློབ་དཔོན་པདྨ་ཡིན་པར་འདུག །དེའི་དབང་ལུང་དགོས་ཞུས་པས། རེ་ཞིག་བྱར་ཉན་པ་མེད། །རྗེས་སུ་འབུལ་བ་བྱེད། བབས་ནི་དངོས་དང་རྨི་ལམ་གྱི་ཁྱད་མ་གཏོགས་མཐོང་སྙམ་དུ་ནི་འདུག་གསུང༌། ལྷ་དེ་ནི་ཕྱིས་སུ་མཐོང་སྨོན་ན་ཡོད་སྐབས་ཆོས་སྐྱོང་གི་རྗེས་གནང་ཞིག་བྱས་པས་འཁུ་ལྡོག་གི་རྨི་ལམ་ཤིན་ཏུ་འཚུབ་པ་ཞིག་བྱུང་བ་ན། རང་ཉིད་ལྷ་དེར་གྱུར་པའི་དབུ་གཙུག་ན་རྟ་མགོ་དང་བཅས་ཏེ་འདུག་པ་ཐམས་ཅད་སྡིགས་པས་རང་གྲོལ་དུ་སོང་བ་ཞིག་ཀྱང་བྱུང་ལ། ལྷ་དེའི་སྒྲུབ་ཐབས་སོགས་རྒྱས་པར་གསུང་རྩོམ་མཛད་ནས་རྗེས་སུ་གནང་ཡང་བྱུང་མོད་ཉམས་སུ་ལེན་པ་ནི་མ་བྱུང་ངོ༌། །ལོ་དེ་ལ་དུས་ཀྱི་འཁྲུག་ལོང་དྲག་པོ་བསམ་གྱིས་མི་ཁྱབ་པ་བྱུང་བས། ཕལ་ཆེར་སྐུ་རིམ་དང༌། གཏོར་བཟློག་ཁོ་ན་ལ་གནད་དུ་བསྣུན། མེ་མོ་ལུག་ལ་བོད་ཁམས་གཡོ༔ དམག་སྡེ་ཆེན་པོ་བཅུ་དྲུག་འཆའ༔ ཞེས་ལུང་བསྟན་པ་དེའི་དུས་སུ་སླེབ་འདུག་པ་དང༌། བོད་དཀྲུག་མཁན་འགོང་པོས་བྱེད་པར་གསུངས་འདུག་