R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༡༣
[A:༡༡༣]སེང་གེ་རྩེ་ཕྲོགས། དམག་བོ་དོང་ལ་ཆས་གྲུབ་འདུག་པ་ལ། དཔལ་ནག་པོ་ཆེན་པཽའི་གཏོར་ཆེན་ཞིག་བརྡབས་པས། ལམ་དུ་ཞུགས་ཚར་བ་གློ་བུར་དུ་ཕྱིར་ལོག་ནས་བདེ་བར་གྱུར་མོད། ལྷ་ས་རྫོང་པའི་དམག་སྔོན་མོ་རྫོང་བྱ་བར་བྱུང་སྐབས་ཀྱང༌། གཏོར་མ་སོགས་འཕངས་ན་རྟགས་ཐོན་ངེས་བདོག་སྟེ་རྗེབཙུན་དབོན་དེ་སྐབས་གནས་གསར་པའི་གཙུག་རྒྱན་འདི་ཕྱིའི་སྐྱབས་གནས་སུ་བཞུགས་པ་དེས། རྫོང་ནས་ལྷ་ས་པའི་དམག་ལ་ཇ་འདྲེན་གནང་བ་སོགས་སྒོ་དུ་མ་ནས་རྟེན་འབྲེལ་འཕྱུགས་པ་འདྲ་བས་ཡིད་ཆེས་པ་ཞིག་མ་བྱུང༌། གང་ལྟར་དེ་ནས་བཟུང་འདི་ཡིན་མེད་དེ་བ་ཞིག་གི་ངང་ལ་འགྲོའི་གདའ། ལོ་ཉེར་ལྔ་ལོན་པའི་དུས། བདག་གི་བླ་མ་དྲིན་ཅན་མངའ་རིས་པ་དེ་བསྙུང་བའི་ཚུལ་བསྟན་པ་ཟླ་བ་གཅིག་དང་ཞག་ཉི་ཤུའི་བར་དུ་བྱུང་བ་ལ། ཉིན་མི་དལ་མཚན་མི་གཉིད་པའི་ཚུལ་དུ་གཟིམས་འགབ་ཏུ་ཉལ། ཞབས་སྙིང་ག་ལ་སྦྱར་ཞིང་བསྲོས། བཤང་གཅི་ཐམས་ཅད་ཀྱང་ཕྱག་ཕྱི་བྱས་པས་སྡིག་པ་དག་པའི་རྟགས་མང་པོ་བྱུང༌། གསུང་གི་ཐ་མར། ཆོས་རྗེ་ཁྱེད་སྐྱིད་ཆོས་དང་རྣམ་གཡེང་དུ་མ་སོང་བར་དགེ་སྦྱོར་ལ་འབུངས། དཀོན་ཅོག་བརྩེགས་པ་དང་འདུལ་བ་ལུང་གཞི་ཅིས་ཀྱང་ཞུ་ཐུབ་པ་གྱིས། ལས་འབྲས་ལ་ཆུང་ངུ་ནས་འཛེམ་དགོས་གསུངས། དེ་ནས་གསུང་ཡེ་མི་འབྱོན་པར་སྤྱན་ནམ་མཁའ་ལ་ཧད་དེ་གཟིགས་པ་ཁོ་ནའི་ངང་ནས། ས་ག་ཟླ་བའི་ཚེས་བརྒྱད་ཀྱི་སྲོད་ལ་དགོངས་པ་ཆོས་