R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༡༤
[A:༡༡༤]དབྱིངས་སུ་ཐིམ་ནས། ཚེས་བཅོ་ལྔའི་བར་སྐུའི་གཟི་འོད་ཟླ་བ་ལྟར་དྭངས་ཤིང་འོད་འཕྲོ་བ་གཞོན་ནུ་ལང་ཚོ་ལ་བབས་པའི་རྣམ་པ་ཅན་དུ་བཞུགས། དེ་ནས་གཞན་རྟགས་ནི་ཅི་ཡང་མ་བྱུང༌། སྐུའི་གཟི་མདངས་བསྙུང་བའི་སྒང་གི་དེ་ཙམ་དུ་འདུག་ནས། ཞག་གསུམ་བཞག་ཀྱང་གཞན་ཁྱད་མ་བྱུང་བ་ནས། ཚེས་བཅོ་བརྒྱད་ཀྱི་ཉིན་སྐུ་གདུངརིན་པོ་ཆེ་ངེད་རང་གི་ཕྱག་ཕྱི་བྱས་པའི་ཚེའང་ཤིན་ཏུ་གཙང་ཞིང་དྲི་ཞིམ་ལ་ཡིད་འཕྲོག་པ་ཞིག་གདའ། ཆབ་སེར་རེ་ཙམ་ཡོད་ནའང་བྱིན་རླབས་རྟེན་ཡོང་བ་འདུག་པ་ལ་སྙམ་པ་བྱུང་མ་ཐག་ཅོར་སྒྲ་དང་བཅས་ཆུ་གཙང་དྭངས་པ་འདྲ་མོ་ཏིང་གང་བྱོན་པ་དེ་ཁེངས་མ་ཐག་རྦད་ཀྱིས་ཆད། སྐུའི་གནས་འདི་འདྲ་ནས་བྱོན་ཡང་ཐམས་ཅད་ཀྱིས་བལྟས་པས་མི་ཤེས་ལ། དེའི་སྲོད་ལ་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ལ་ཞེན་པ་ན། མེ་ཐམས་ཅད་དུམ་བུ་གཅིག་ཏུ་གྱུར་པའི་རྩེ་མོ། ནཱ་རོ་མཁའ་སྤྱོད་མའི་དབྱིབས་འདྲ་བ་འབར། འཇའ་དཀར་པོ་བསམ་གྱིས་མི་ཁྱབ་པ་འདུས། དེ་ནུབ་མ་ཤེས་མོད། སང་ཉིན་ཐབ་ཀའི་ཉེ་འཁོར་ནས་མེ་ཏོག་དཀར་པོ་སིལ་མ་ལྷག་པར་རྙེད། མེ་མཆོད་ཀྱི་སྒང་ཙམ་ལ་ཐག་སྒྲ་དང་བཅས་ཐུགས་ཀའི་ཐད་ཀྱི་བུག་པ་ནས་བདག་གི་པང་དུ་སྐུ་ཤ་མཐེབ་སོར་ཙམ་ཞིག་བྱོན། སྐུ་གདུང་ཐམས་ཅད་ནི་ཤེལ་ལྟར་དྭངས་པའི་གདུང་ལོག་ཏུ་ཕལ་ཆེར་གྱུར། རིང་བསྲེལ་ཀྱང་མང་དུ་བྱོན། མེ་མཆོད་ཕུལ་གྲུབ་ནས་པུར་ཁང་ལ་མགོ་གཏད་ཉལ་