R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༡༥
[A:༡༡༥]བ་ན། བླ་མ་དེ་སྐུ་ཐང་རྐྱང་དུ་བཞེས་པའི་སྐུའི་དབྱིབས་ཇི་ལྟ་བ་ཞིག་སྔས་འགོར་བྱོན་ནས་ཆོས་རྗེ་ཡར་བཞེངས་དང་གསུང་བ་ལ། བདག་ཐུགས་ཀྱིས་གཏོང་བ་ལགས་སམ་ཞུས་ངུས་པས། ངུ་མི་དགོས་ང་འོག་མིན་དུ་སླེབ། འོག་མིན་འདི་ག་ཡིན་མོད་གསུངས་ཕྱག་སྤྱི་བོར་བཞག་བྱུང་མ་ཐག་གཉིད་སད་བྱུང་བས། མཆི་མས་སྔས་བངས་འདུག་ཅིང༌། སླར་ཡང་སྐད་ཀྱིས་བརྣངས་པར་ངུས། ཕ་ཡིས་ཡང་ཡང་བོར་བའི་དྭ་ཕྲུག་བདག །བདག་གཞན་དོན་གཉིས་སྒྲུབ་པར་རློམ་ལགས་མོད། །མོད་ལ་བླ་མ་དྲན་པའི་མཆི་མ་ལྷུངས། །ཀྱི་ཧུད་བསམས་ཤིང་བླ་མ་ཡབ་སྲས་དྲན། །དེ་ནས་དགུང་ཞག་གི་བར་ཐུགས་དམ་གྱི་སྙིང་པོ་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ། ཞགས་བདུན་བདུན་ནས་དཀྱིལ་འཁོར་བསྡུ་བ་དང༌། སྟ་གོན་སྐྱོར་བ་སོགས་གཞན་ཕན་བདུད་རྩི་ཇི་ལྟ་བའི་ལུགས་བཞིན་བདག་ཅག་བཞིས་དགུང་ཞག་མ་གྲོལ་བར་ཆོ་ག་ཚར་གཉིས་རེ་བྱས། གསོལ་བ་བཏབ། བདག་གཅིག་པུས་དཔལ་རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དགུང་ཞག་གསུམ་པའི་བར་མཆོད་ཅིང་གསོལ་བ་བཏབ། ངེད་ཀྱི་བླ་མ་དེ་ན་བཟའ་ཚུན་འཐེབ་ཡོང་མི་ཉན་པར་གཅིག་བྱུང་མ་ཐག་གཅིག་མི་ལ་གནང་ཚར་འགྲོ་བས་ཕྱག་རྫས་ནི་མི་བདོག །འཕྲལ་གྱི་རྡོ་རྗེ་འཛིན་པ་དང་དགེ་སློང་གི་མཁོ་བའི་ཡོ་བྱད་ཅུང་ཟད་ཡོད་པ་དེ་རྣམས་དང༌། བདག་རང་གི་ཆས་ཀའི་ལུགས་དྲག་པ་རྣམས་