R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༡༦
[A:༡༡༦]མཁན་ཆེན་ཐམས་ཅད་མཁྱེན་པའི་དྲུང་དུ་ཐུགས་དམ་ལ་འདོགས་པར་ཞུ་བ་ལ་ཕུལ། དགུང་ཞག་གསུམ་པའི་ཐོག་ཏུ་དགོངས་རྫོགས་དངོས་གཞིའི་ཁུངས་དགེ་འདུན་བརྒྱད་བརྒྱ་ཙམ་ལ་ཉིན་ཐུབ་ཀྱི་བསྙེན་བཀུར་གང་ཅི་ཐམས་ཅད་སྡེ་པ་ནས་སྐུ་དྲིན་བསྐྱངས་ཏེ་ཤིན་ཏུ་རྒྱས་པར་བསྒྲུབས། ངེད་རང་གིས་བདག་ཏུ་བཟུང་བའི་དངོས་པོ་ཐམས་ཅད་ཕོངས་པ་མེད་པར་བཏང༌། དགུང་ཞག་དེ་གྲོལ་འཕྲལ་ནས་བཟུང་དགེ་སྦྱོར་ཞིག་བྱེད་དགོས་སྙམས་ཡོད་ཀྱང་འགྱངས་པའི་སྐབས་ཤིག་རྨི་ལམ་དུ། བདེ་བ་ཅན་ན་བདག་གི་བླ་མ་རྡོ་རྗེ་འཆང་དེ་བཞུགས་འདུག་པའི་དྲུང་དུ་སླེབ། བྱིན་རླབས་ཞུས་པས། ང་ཁྱོད་ལ་རེ་ཆེན་པོ་ཞིག་ཡོད་དེ། ཁྱོད་རི་ཁྲོད་འགྲིམས་ཟེར་སྒུག་སྒུག་ནས། ཀླུངས་ཁྲོད་དུ་ཐ་མལ་དུ་འཆི་བ་འདྲ་ཟེར་དྲུང་བླ་མ་བའང་ཐུགས་ཁྲལ་དུ་གྱུར་གདའ། ད་དུང་བུ་ཚའི་སྤྱོད་པ་ཀ་བྱེད་དམ། ཁྱེར་ཁ་ལ་གསུང་མགོ་ལ་ཐལ་ལྕག་ཅིག་སྐྱོན་བྱུང་བས་གཉིད་ཕྲད་ཀྱི་སད། བླ་མ་དེའི་ཞལ་རས་མིག་སྔར་གསལ་དྲག་ནས་སྐད་ཐོན་པར་ངུས། ད་ཐབས་མེད། ད་ནང་རང་ནས་དགེ་སྦྱོར་སྒྲིགས་བཅུར་ཞིག་བྱེད་དགོས་སྙམ། དེ་ནས་བཟུང་ཉི་མ་ཕྱེད་ཡན་ཁ་ཏོན་གྱི་ཁུངས། ལྟོ་གདན་གཅིག་ཏུ་སྒྱུར། གཏོར་བསྔོས་ཐུན་གཉིས། བརྒྱ་རྩ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་སཙྪ་འདེབས་པ་སོགས་གཡེང་བ་དང༌། གཉིད་དབང་དུ་མི་གཏོང་བའི་དམ་བཅའ་དྲག་པོ་ཞིག་བགྱིས་ནའང༌། དམ་བཅའ་འདུས་བྱས་ཡིན་པས་འཕྲལ་དུ་ཞིག །དམ་པའི་སྤྱོད་པ་བསླབས་ཀྱང་མི་ཤེས་ལ། །དམ་པ་མིན་