R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༡༩
[A:༡༡༩]ལ་འབྱོན་པ་འདྲ་མོ་མ་གཏོགས་མི་གདའ། ངེད་རང་གི་སེམས་ལ་ཀྱག་དེ་ག་ཡིན། ཕ་ཡུལ་སྤོང་བར་བྱིན་གྱིས་རློབས། །ཟེར་གསོལ་བ་འདེབས་དགོས་པའི་ཚོད་ན་ཐོག་ཏུ་བྱུང་གནས་མང་པོ་ཞིག་འཁོར་ཉན་ཆེ། བློ་ཕུགས་ཆོས་དང༌། ཆོས་ཕུགས་སྤྲང༌། ཐུགས་དམ་པ་དགའ་མོ་ཞིག་ང་བྱུང་སྙམ་པ་མ་གཏོགས། གཞན་འདི་ཡིན་ཅིག་མ་བྱུང༌། བསམ་འགྲུབ་རྩེར་སྡོད་སྐབས། བྲག་དམར་མཁན་རིན་པོ་ཆེ་དང་མཇལ། བྱང་གཏེར་གྱི་དུག་དབང་དེ་བཞུགས་ཀྱི་འདུག་ནས་གསོལ་བ་བཏབ་པས། དངུལ་ཕོར་དང༌། གསེར་ཞོ་གང༌། ཀ་གདན་སྒྲིལ་མ་ལྔ་སོགས་ཆ་རྐྱེན་མང་པོ་དགོས་གསུང་པ། མི་ཡུལ་དོན་པས་དེ་ཙམ་མི་འབྱོར་པ་འདྲ་སྙམ་ནས་མ་ཞུས། རི་ཆོས་ཤིག་དགོས་ཞུས་པས་ཟླ་བ་ལྔ་དྲུག་འགོར་གསུངས་འཇིགས་འཇིགས་མོ་མཛད་ཀྱི་འདུག་ནས་མ་གནང༌། ཕྱག་འབུལ་བྱས་གྲུབ་པས་དེ་ཕྱིན་ཆོས་འབྲེལ་ཞིག་ཐོབ་ན་དགའ་བ་འདྲ་སྙམ་ཕྱག་བཞི་པའི་རྗེས་གནང་ལུང་ཁ་ཅིག་དང་བཅས་པ་ཞུས་ཤིང་གནང་ངོ༌། །སྡུག་པོས་ཆོས་ཤོར་བ་མེད་ཟེར་བ་བདེན་པོར་གདའ་བས། དེ་ཐམས་ཅད་ཀྱི་བར་དུ་ངེས་རང་གི་དགེ་སྦྱོར་སྒྲིགས་མ་ཆེ་ཕྲ་ཐམས་ཅད་ཡེ་མ་ཆག་མོད། ཕྱིས་སྐྱེད་དུ་སོང་བ་ནས་འཆག་པ་མང་དུ་སོང་བྱུང་སྟེ། སྐྱེད་པོ་མི་ཐེག་པའི་ཚན་ཅིག་ཨེ་ཡིན་བསམ། ཟླ་བ་ལྔ་དྲུག་གཅིག་གི་བར་མི་མང་པོའི་གསེབ་ཏུ་ཁྱོམ་ཁྱོམ་སྡོད་དགོས་པ་བྱུང་བས་སུན་པ་ལྟ་བུར་གྱུར་ཏེ། མྱུག་ཏུ་སླེབ་མ་ཐག རང་རེ་ལ་ལུགས་གཉིས་