R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༡༨
[A:༡༡༨] དེ་འཕྲལ་སློབ་དཔོན་པདྨ་ལ་གསོལ་བ་ཞིག་འདེབས་དགོས་སྙམ། གཏོར་མ་བཤམས། བྱང་གཏེར་གྱི་འཕྲིན་ལས་འབྲིང་པོ་གྱེར་བས། སྤྱན་འདྲེན་ཡན་ལ་ནི་ཟླ་བོ་ཚོས་གྱིར་བ་མ་གཏོགས། སྐད་ཐོན་རྒྱུའང་མི་གདའ། སྤྱན་འདྲེན་ནས་ཤེས་པ་འུར། སྐད་འབོད་པ་རྒྱག་པ་ཙམ་ཐོན། དྲག་རོལ་ཡུན་རིང་ལ་དོས་དྲག་པ་བྱས། དེ་མ་ཐག་ནད་ཁྲུས་ནས། ཁྲུས་སྐོར་ཁོར་བཅུ་གསུམ་བྱུང་བས་ནད་སིང་ངེ་ཐོན་ནས། དེང་སང་གི་བར་དུ་ཟོ་མདོག་བཟང་ལ་བྱུང་ཚད་བཞེས་ཆོག་པའི་ཕག་པ་ལ་འགྲན་བཙུགས་ཆོག་པ་འདི་ག་ལགས་མོད། དུག་གསུམ་ནད་སེལ་ཨྱོན་བྱིན་རླབས་ཀྱིས། །དུག་ནད་མ་ལུས་བཤང་བའི་ལམ་ནས་བུད། །དུག་རོ་ཙམ་ཡང་མེད་པའི་གདེངས་ཆེན་ཐོབ། །དུག་ཆེན་བདུད་རྩིར་བསྒྱུར་བའང་བླ་མའི་དྲིན། །འདི་ནས་བཟུང་སྟེ། བྲག་སྣ་བའི་སྒོས་གཡོག་ཨ་ཞང་བྱ་བ་ཞིག་གིས་གཟུང་ཐུད་རྡོ་ཆར་དང་བཅས་པ་བྱ་བའི་བར་དང༌། དེས་མཚོན་ནས་གླང་ལོ་གླིང་ལོག་ཆེན་མོའི་བར་གྱི་བྱས་བྱུང་རྣམས་ཞིབ་པར་བྲིས་ན། སྣང་ཚུལ་ཐོས་ན་དགྲ་ཡང་མཆི་མ་འཆོར། །མནོ་བསམ་བཏང་ན་སྙིང་རླུང་གློ་བུར་ལང༌། །གནས་ཚུལ་བསམས་ན་ཡི་མུག་ཚིག་པ་ཟ། །དེ་ཕྱིར་དེ་དག་བརྒྱང་དུ་སྐྱུར་ལས་ཞོག །སྡུག་པོ་ཉམས་སུ་མྱོང་བ་དེས་ཆོག་གི །སྡུག་གཏམ་ཡི་གེར་བྲིས་ནས་དགོས་པ་མེད། །སྡུག་བསྔལ་རྩ་བ་དམྱལ་བར་མ་སྐྱེས་ན། །སྡུག་པོ་དེ་ཙམ་སྲན་ནའང་ཐུབ་པར་མཆིས། །བོ་དོང་ནས་བུད་པའི་ཚེའང༌། སྡེ་པ་རྣམས་ཀྱང་རྟ་ཁྲོམ་བཟབས་སྤྲོད་དགེ་རྩ་ལོ་གསར་