R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༢༠
[A:༡༢༠]ནས་རེ་མཁན་སུ་ཡང་མེད་པས་སྐྱིད་པར་ཡང་བྱུང༌། ཁང་པ་ཆུང་ངུ་འོས་ཙམ་ཞིག་འདུག་པ་དེ། མྱུག་རྩིས་ལེན་པའི་མི་སྣ་ཚོས། ངེས་ཀྱི་སྡོད་ས་ཡིན་ཟེར་གྱི་འདུག་པ། གཞན་ཕྱག་ཕྱི་དྲག་པ་ཚོ་ནི་དེར་བཞུགས་མི་ཉན་འདུག་པས། ཟ་རུ་མ་ཉན་པ་དཀོན་ཅོག་མཆོད་བྱས་གནང་བར་གདའ། ཚེ་འདིའི་དཔོན་དང་ཕྱི་མའི་བླ་མ་ལས། །འཕྲལ་གྱི་སྒོས་དཔོན་འདམ་པའི་དད་གུས་ཅན། །འགྲོ་མགོན་གཞོན་ནུས་ཁོང་རའི་བསོད་ནམས་ལས། །ཆེས་ཆུང་ཁང་ཆུང་ཞིག་ཏུ་སྡོད་གནས་བྱིན། ངེད་གནས་མལ་ཟས་གོས་གང་ལའང་རུང་མོ་ཞིག་མི་བདོག་པས་དེ་གར་འདག་སྦྱར་བྱས་མཚམས་དམ་པོ་ལ་བསྡད། འའི་གང་ལ་སྙིང་པོ་ཡེ་མི་འདུག །སྔར་ཕན་གྱི་ཟ་རི་ཟི་རི་དེ་དག་དོན་མེད་འབའ་ཞིག་ལ་སོང༌། དགེ་སྦྱོར་ཀྱང་གཙོ་ཆེར་རྒྱ་འདྲེ་འདིས་ཆོས་སྒྲུབ་པ་ལ་བར་ཆད་བྱས་ཀྱི་དོགས་མགོན་པོ་ཁོ་ན་ལ་བགྱིས་མོད། ད་ནི་དེ་བས་ཀྱང་ཕྱི་མ་ཕན་གྱི་ཐེབས་ཤིག་དགོས་པ་འདྲ་སྙམ། གཙོ་བོ་བླ་མའི་རྣལ་འབྱོར་དང་བསྟུན་ནས་རྗེ་བླ་མའི་སྐུ་སྟོད་འབུམ་ཐེར་གཅིག་ངག་ཐོག་ནས་བཏང༌། དེ་ནས་བཟུང་ལོ་རེ་ལ་སྐུ་བསྟོད་འབུམ་ཐེར་རེ་གཏོང་བའི་དམ་བཅའ་བྱས་པ། རེས་གཉིས་འབུམ་ཙམ་དང༌། ཕྱེད་དང་གཉིས་འབུམ་ཙམ་སོང་བ་མང་བ་བྱུང༌། ནུབ་ཅིག་རྨི་ལམ་དུ། འདར་ནས་རིན་པོ་ཆེའི་ཕྱག་དམ་ཡིན་ཟེར་བའི་ཡི་གེ་ཞིག་མི་ཞིག་གིས་སྤྲད་བྱུང་བ་བཀླགས་པ་ན། ཀུན་རྫོབ་ལྷ་སྔགས་ཏིང་འཛིན་གྱི། །སྲུང་བའི་འཁོར་ལོ་མ་ལུས་པ། །རྡོ་རྗེ་བྲག་རྫོང་མར་འདུས་པས།།འདི་ཉིད་ཁོ་ན་སྒོམ་པར་ཞུ། །བྱ་བ་ཞིག་འདུག་པ་ན་ངོ་མཚར་ཆེ་སྙམ་མགོན་པོའི་