R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༢༦
[A:༡༢༦]ནས། དེའི་སང་ཉིན་དེ་ག་དྲུང་དུ་ཕྱིན་པའི་ཚེ། ལུང་པ་སོགས་རྨི་ལམ་ཇི་ལྟ་བར་འདུག །བླ་མ་འདི་འབྲོའི་གདུང་བརྒྱུད་རྙིང་མ་མཐའ་དག་ལ་མཁས། ཨྱཱཻ་རིང་འབུམ་ཕྲག་ཉི་ཤུ་རྩ་དྲུག་བགྲངས། ཟིལ་གནོན་དངོས་སུ་ཞལ་གཟིགས། གྲུབ་པའི་དབང་ཕྱུག་ཏུ་གྱུར་པ་ཞིག་ཡིན། དེ་དུས་ལམ་བར་དུ་སྐྱེས་པ་དར་མ་གྲིར་བསད་མ་ཐག་པའི་རོ་ཆེན་པོ་ཞིག་དང་ཕྲད། རྟེན་འབྲེལ་ལེགས་སྙམ་པ་བྱུང༌། བླ་མ་དེས་ཀྱང་ཐུགས་རྗེས་ལྷག་པར་བཟུང་ནས། གནུབས་ལུགས་ཀྱི་གཤིན་རྗེ་དམར་ནག་གི་དབང་ལུང་རགས་པ་ཐོབ། སྲས་པོ་སྐུ་སྐྱེ་བས་སྤྱན་ཚབ་མི་ནུས་པར་བར་ཆད་ཆེན་པོ་བྱས། ཞག་བདུན་ཙམ་བསྡད་ནས་ཕྱིར་ཡོངས། སླར་ཟླ་བ་གཅིག་ཙམ་སོང་བའི་ཚེ་རྨི་ལམ་དུུ་བླ་མ་དེ་དང་མཇལ་ནས་ལུང་ཕྱག་ཁྲིད་མང་པོ་གནང་བ་ཞིག་རྨིས། ཆོས་བཀའ་དེ་ཞིབ་པོར་ཐོབ་པ་ཡིན་ནམ་སྙམ། སང་དེ་སླར་ཡོངས་ཆོག་པའི་ཞུ་བ་སྐྱེལ་དུ་བཏང་བ་དང༌། ཞི་བར་གཤེགས་པའི་གཏམ་ངན་སྐྱེལ་མི་ལམ་དུ་འཕྲད་ནས། ཡིད་ཀྱི་རེ་བས་རྫོགས་པའི་མཐར་ཐུག་པ་ཞིག་བྱུང་ངོ༌། །དེ་ནས་རེ་ཞྀག་མྱུག་ཉིད་དུ་མཚམས་ལ་བསྡད་པའི་དགེ་སྦྱོར་བྱེད་ཀྱི་ཡོད་པའི་ནུབ་མོ་ཞིག་རྨི་ལམ་དུ། སྡེ་པ་ངག་དབང་རྣམ་རྒྱལ་གྱི་བཀའ་ཤོག་ཡིན་ཟེར་བའི་དབྱིབས་རྟག་ཤུན་པང་ཁེབས་འདྲ་མོ་བྱས་པའི་གསེར་གྱི་ཡི་གེ་མཐོ་རེ་ཙམ་བྱས་པ་ཞིག་གདའ་བ་དེའི་སྟོད་ན་རྒྱས་རྒྱས་མང་པོ་འདུག་པ་བརྗེད་ནས་མི་གདའ། འགབ་དེ་ན་ད་ལམ་ལ་གཤིན་པོ་འདི་སྙིང་རྗེ་བ་གདའ་བས་བྱོན། ཕྱིས་སུ་རིམ་བཞིན་ཏི་ཤྲཱིར་འཁུར་ཟེར་བ་ཞིག་འདུག་པ་ཅི་ལ་ལྟའམ་སྙམ་པ་