R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༢༧
[A:༡༢༧]ན། འོ་ཡུག་སྡིངས་མ་སྡེ་པ་ནས་ལ། སྡེ་སྲིད་རིན་པོ་ཆེ་རིན་སྤུངས་པས་གནང༌། ངེད་ལ་བསྐོ་འཇའི་ཕྱག་དམ་དང་བཅས་པ་འབྱོར་བྱུང་ནའང༌། བདག་དང་མོ་དར་ཞིང་རྒྱས་དུས་དགོན་པ་འཛིན་འདོད་ཡེ་མེད་པས་ད་ཅི་ཞིག་འཛིན། ད་བར་འདི་ཚོར་བསྡད་པའི་དགོས་པའང༌། ཡབ་བགྲེས་པོ་འདི་གཉིས་འོ་བརྒྱལ་སྐབས་ཟུར་ཁྱེར་མངས་ཀྱང་ཐུགས་འཁྲུགས་ཀྱི་དོགས་བསྡད་པ་མ་གཏོགས་ད་ཁྱེད་རྣམས་བརྟན་བརླིང་ཞིག་ཁེལ་ན་ཙ་རི་ལྟ་བུ་ག་ཤེད་ཅིག་ཏུ་འཆི་བ་སྒུག་པ་མ་གཏོགས་འདི་མེད་ཞུས་ཀྱང་ཕ་རྒན་གྲུབ་པ་ཅན་དེས་ལོ་ཁ་ཅིག་གྱིས་གསུང་ནན་ཏན་ཕེབས་པ་ནས་བདག་ཏུ་བཟུང༌། བབས་སུ་འདི་འདྲ་ཞིག་ལས་ཀྱིས་བསྐོས་ཡོད་གདའ་བས། ངེད་ལོ་བཅུ་དྲུག་ལོན་པའི་དུས་རྨི་ལམ་ཞིག་ལ་བུ་མོ་ན་གཞོན་རས་སྔོན་པོའི་ཡུག་གྱོན་བྱས་པ་མཛེས་པོ་ཞིག་གིས་བདག་གི་ལག་པ་ནས་བཟུང་སྟེ་ཡུད་ཀྱི་ནམ་མཁའ་ལ་ཕྱིན་པས། མཐའ་གངས་རི་དང༌། བྲག་རི་ཆེན་པོ་མང་པོ་ཡེ་ལེ་བ་བྱས་པའི་ལུང་སྟོང་ཡངས་ཆོད་དེ་བ་ཞིག་གི་དབུས་ན། ལུང་པ་ཁ་བྱང་བསྟན་སྲིབས་ཆེ་སེ་བ་ཞིག་གི་གཤོངས་ཤིག་ན། ཁང་ཆུང་སེ་ཁྲིབ་བེར་བ་བྱས་པའི་དགོན་ཆུང༌། ལྷ་ཁང་དང་མཆོད་རྟེན་ལ་རྫའི་གནྫི་ར་བཙུགས་པ། རྩི་དཀར་དམར་སྤེལ་ནས་བཏང་བའི་དགོན་པའི་རྒྱབ་ན། རྡོའི་གདུགས་བྱས་པའི་མཆོད་རྟེན་རྒད་པོ་མི་གང་ལྷག་ཙམ་བྱས་པ་ཞིག་བསྟན་ནས། འདི་ཁྱོད་ཀྱི་དགོན་པ་ཡིན་ཟེར་བ་ལ། སེམས་སྐྱོ་མོ་ཞིག་ཀྱང་བྱུང༌། གནྫི་རའི་ཁ་སྟབས་དང༌། དགོན་ཆུང་འདི་