R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༢༨
[A:༡༢༨]འདི་འདྲས་དོན་མེད་ཞུས་པས། ཐོག་མར་འདི་ཡིན། དེ་ནས་འདོད་ན་གསེར་གྱི་གནྫི་ར་བཅུ་གསུམ་གཙུགས་པའི་བདག་པོ་བྱས་པས་ཆོག་ཟེར་བ་ཞིག་བྱུང་བའི་དགོན་པ་དེ་འདི་ཡིན་པར་གདའ་བས། འོ་ཡུག་ཏུ་སླེབ་དུས་གཞན་ཐམས་ཅད་རྨི་ལམ་བཞིན་འདུག་པ་ལ། འདུ་ཁང་དམར་པོར་བྱས་པ་ལ་ས་ཁྲ་དང༌། རྒྱབ་ཀྱི་མཆོད་རྟེན་དེ་མི་འདུག་པས་ཅི་ཡིན་སྙམ། རྒན་པོ་འགའ་ལ་དྲིས་ཙ་ན། དང་ཐོག་ས་ཁྲ་དང་མཆོད་རྟེན་གཉིས་ཅར་ཡོད་ཟེར་གྱི་གདའ། གང་ལྟར་ཀྱང་ཟླ་བ་བཅུ་པའི་ཚེས་བཅུ་བདུན་གྱི་ཉིན་སྡིངས་མ་ནས་འབོད་མི་སླེབ་བྱུང་མོད། ཁ་བ་ཆེན་པོ་ཉིན་མཚན་མེད་པར་བབས་ནས། ཁོང་ཚོའི་དུས་ཐོག་ཏུ་མི་སླེབ་པར་ཐག་བཅད་པའི་ནུབ་རྨི་ལམ་དུ་མི་མང་པོས་མར་མེ་བཏེག་ནས་ཇ་འདྲེན་བྱས། ཨ་ཕོ་དོན་གྲུབ་ལགས་ཡིན་སྙམ་པ་ཞིག་གིས་དར་སྔོན་པོ་ཁ་གང་ཕུལ་བ་རྨིས་ཏེ་གཞི་བྱེས་ཀྱི་ལྷ་འདྲེས་བསུ་སྐྱེལ་གྱི་ཁུངས་ཡིན་པ་འདྲ། ནམ་མཁའ་གློ་བུར་དུ་ཡེར་ནས་དུས་ཐོག་ཏུ་བཏེག །མྱུ་གུར་བསྡད་པའི་ནུབ། མི་ཆེན་པོ་འཆམས་སྐུ་ཙམ་ཕྲོག་ཞུ་གྱོན་པ། མིའི་ལག་པ་འབུ་ལྗིག་གེ་བའི་དོ་ཤལ་བྱས་པ་ཞིག་ན་རེ། ངའི་ཁང་པ་ལམ་ཁ་ན་ཡོད་པས་ཡར་ལམ་ཁོར་ཙམ་འབྱོན་དགོས་ཟེར་བ་ཞིག་བྱུང་བ་ནས། གོས་སྔོན་ལ་ཤོག་ཟེར་བ་ཡིན་ནམ་སྙམ་མཇལ་ཙམ་བྱས། དམ་ཅན་གྱི་སྐུ་ལ་དར་ཁ་གང་ཕུལ་བསྟན་པ་བསྲུང་དགོས་པའི་འཕྲིན་འཆོལ་བྱས་དུས། དཀོན་གཉེར་དེ་ན་རེ་ཕྱག་མི་འབུལ་བ་ནམ་ཟེར་བ་ལ། ཕྱག་ཁོང་གིས་ཚུར་འབུལ་རྒྱུའི་ཁུངས་ལགས། ངེད་སུ་ཡིན་ལ་ཕྱག་འཚལ་