R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༤༡
[A:༡༤༡]པོའི་སྦྱིན་སྲེག་ཅིག་བྱས་པ་དེའི་ནུབ་རྨི་ལམ་དུ། སྦྲང་བུ་ཉམ་ཆུང་རིད་པོ་བཅུ་གསུམ་ལྕགས་སྡེར་ཞིག་ན་བཅུག་པ་ཤི་འདུག་པ་དེ་ཐམས་ཅད་ངས་བསད་པའི་ཁུངས་ལ། གཉིས་ལ་དབུགས་གྱུ་ཙམ་འདུག་པས་ད་དུང་དྲག་པོའི་སྦྱིན་སྲེག་གཅིག་གྲུབ་ན། ཕྱོགས་དེར་ཕན་པ་འདུག་སྟེ་ད་བར་མ་ཐུབ། གང་ལྟར་བར་ཆད་དེ་ལེགས་པར་ཐུལ། ཐོད་པའང་སྔར་བཞིན་སླེབ་འདུག་ཅིང༌། དེའི་སང་ནས་སྨན་ལངས་ནས་གླིང་ཁོངས་ཐམས་ཅད་དྲི་བཟང་པོས་ཁྱབ། རིལ་བུ་རྣམས་ཐོད་པར་འཇུག་པའི་དུས་སྐམ་ཐག་ཆོད་ཆེན་བདོག་ཅིང༌། ཐོད་པ་ཁ་སྦྱར་མཚམས་ཀྱི་ཟན་རྣམས་འཁྱགས་ནས་མི་ཕེད་པ་ཙམ་འདུག་མོད། རིལ་བུ་ཐམས་ཅད་རློན་པ་ཁོལ་ཉམས་ཡོད་པ་དང་བཅས་ཤིང་འཕེལ་ཡང་ཆེན་པོ་བྱུང་འདུག་ལ། ཕྱིས་སུ་ཟླ་བ་ལྔ་ཙམ་གྱི་བར་རིལ་བུ་རྣམས་ཡེ་མ་སྐམ་པར་འདུག་པ་ལ། ཧོར་རྒྱལ་མཚན་བྱ་བ་དེ་མྱུར་དུ་བྱུང་བའི་དུས། །སྣོད་དེ་ནས་རིལ་བུ་བྱིན་པས། དེ་ནུབ་ནང་རང་སྐམ་ཐག་ཆོད་སོང་བ། བསྟན་དགྲ་འདི་རིགས་ལ་གཏམ་འདྲེས་ནའང་དངོས་གྲུབ་ཡལ་འགྲོ་བ་དེར་གདའོ། །གང་ནའང་དེར་སྒྲུབ་པ་ཆ་ལག་ཚང་མ་བྱས། གཏོར་མའི་སྦྱིན་སྲེག་གི་དུས་བུད་ཤིང་གི་ནུས་པ་རྫོགས་ནས་ཀྱང༌། ཐབ་ཀྱི་དབུས་སུ་མེ་མར་མེ་འབྲིང་པོ་ཙམ་ཞིག་འབར་བ་ཇ་སྦྱོར་ཅིག་ཙམ་གྱི་བར་བྱུང་བ་དང༌། གཏོར་མ་ཟོར་དུ་འཕང་བའི་ཚེ། ཐོག་མར་གདོང་ལྷགས་མི་ཚུགས་པ་ཙམ་བྱུང་བ་ལ། འདུ་ཁང་གི་སྒོ་ཐོན་མ་ཐག་རླུང་ཁམ་ནག་ཆེན་པོ་ཞིག་རྒྱབ་ནས་