R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༤༢
[A:༡༤༢]ལངས་ཏེ་ཟོར་གཏོར་བརྡེག་ལོང་མེད་པར་དགྲ་ཕྱོགས་སུ་སྒྱེལ་བ་དང༌། དམ་སྲི་སྒྲོལ་བའི་མཚམས་ཀྱི་སྐབས་སུ། ངེད་ཀྱི་ལག་ན་རྩེ་སག་བཟང་པོ་ཞིག་ཡོད་པ་དེས། ལྟད་མོ་བ་བཙུན་མ་ཞིག་གི་ལག་པ་སྟར་མོའི་ལྡེབས་ལ་སྦྱར་བའི་ཐོག་ཏུ་ཐག་སྒྲ་དང་བཅས་ཕོག་སོང་ནའང༌། ཞུར་མ་ཙམ་ཡང་མ་བྱུང་བ་ནི་ཐམས་ཅད་ཀྱིས་དངོས་སུ་མཐོང་བ་དེ་ལགས། རིལ་བུ་དེ་ནི་ནད་གདོན་གྲིབ་ཐམས་ཅད་སེལ་བར་ནུས་པའི་བྱིན་རླབས་ཅན་ཞིག་བྱུང་བ་ཡིན་ནོ། །དད་ལྡན་སློབ་མའི་ཚོགས་ཀྱིས་གསོལ་བཏབ་ནས། །ཚད་ལྡན་གདམས་པའི་གོ་རིམ་ཇི་བཞིན་དུ། །བཅུད་ལྡན་སྨན་གྱི་སྒྲུབ་པ་མཐའ་རུ་ཕྱིན། །སྐལ་ལྡན་འགྲོ་བའི་རེ་བ་རྫོགས་པར་བྱས། །ལོ་ཉེར་བརྒྱད་ལོན་པའི་གླང་ལོ་དཔྱིད། མྱུག་ཏུ་བྱང་གཏེར་ནས་གསུངས་པའི་ཕྱི་སྒྲུབ་སྨན་གྱི་བཅུད་ལེན་ཞིག་ཞག་བདུན་བསྒྲུབས་པའི་དུས་དྲི་བཟང་པོའང་ཅུང་ཟད་དང་འཕེལ་ཆེ་བ་སོགས་རྟགས་ནི་ཡིད་ཆེས་པར་བྱུང་མོད། བཀྲ་རྟགས་ཐམས་ཅད་ལེགས་པོ་ཞིག་ཡེ་མ་བྱུང་བས། དེ་ལ་དམིགས་པའི་ཐབས་འདྲ་དགོས་པ་ཡོད་ནའང་གྲུབ་པ་ཞིག་མ་བྱུང༌། ལོ་དེའི་ཟླ་བ་གཉིས་པའི་ནང་དུ་བདག་གི་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་སྤྱན་འདྲེན་མ་ཞུས་པར་ཕེབས་བྱུང་བ་ནས། ས་དང་པོ་ལའང་མི་སྨོན་པའི་དགའ་སྤྲོ་བྱུང༌། ད་ལམ་གཞན་དོན་སྤྱོད་རྒྱུ་ཡེ་མེད། ཁྱེད་ལ་ཆོས་ཤིག་བཤོད་དུ་ཡོངས་པ་ཡིན་གསུངས་པ་ན། དགའ་ཞིང་མགུ་ལ་བ་སྤུ་ལངས། མཆི་མའང་ལྷུག་པར་ཤོར། ཞབས་ལ་གཏུགས་པའི་ཕྱག་བགྱིས་ཏེ། གང་གནང་