R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༥༡
[A:༡༥༡]འདུན་རྣམས་ལ་དགོངས་པ་ཀུན་འདུས། ཐུགས་སྒྲུབ་རྣམ་གསུམ། ཤངས་ཆོས་གསེར་ཆོས་ལྔ་རྣམས་ཀྱི་དབང་ཁྲིད་ལུང་སྨིན་རྒྱས་ཐུགས་ཡིད་ཆེས་པར་ཕུལ། པ་རྣམ་ན། དཔལ་སའི་དབང་པོ་ལུགས་གཉིས་ཀྱི་འཁོར་ལོ་བསྒྱུར་བའི་དབང་ཕྱུག་ནོར་བུ་པདྨ་བཞུགས་པའི་དྲུང་དུ་སླེབ། བརྩེ་བ་ཆེན་པོས་བསྐྱངས། དེ་ན་གཙང་ཚོང་འདུས་མགུར་མོའི་ཁྲི་དཔོན་ལུགས་གཉིས་ལ་མཁྱེན་པ་ཡངས་པ་སྡེ་པ་གྲ་ལྔ་ནས་བཞུགས་འདུག་པས་མཇལ་འཕྲད་མཛད། ཞྭ་ལུ་སོགས་སུ་སྣེ་སྦྱོར་གྱི་མི་སྣ་ཞུས། ཐོག་མར་སྨན་ལུང་མཇལ་དུ་ཕྱིན་ནས་ཞག་གཅིག་ཁྱམས་ར་ཆེན་པོ་དེར་ལྕོག་བུ་ཕུབ་ནས་བསྡད། དཔལ་མགོན་སྟག་ཞོན་འདི་ངེད་རང་གི་ཕ་མེས་དང༌། སློབ་དཔོན་གཉིས་ཀར་བརྒྱུད་ཀྱི་སྲུང་མ་བློ་བསྟད་ན་མི་བསླུ་ངེས་པ། མཐུ་ཆེ་ལ་རྩལ་དྲག་པ་ཞིག་ཡིན་པས། ཚོགས་གཏོར་བསྐང་གསོ་རྒྱས་པར་ཕུལ། རྡོར་དབྱིངས་ཀྱི་ལྷ་ཁང་དང༌། སྨྲྀ་ཏིའི་གདུང་འབུམ་སོགས་མཇལ། བླ་བྲང་པས་ཀྱང་ཇ་འདྲེན་གནང་བྱིན་འོས་འགྲོ་ཐུགས་ལ་བཏགས། སང་སྔ་བར་ཐར་པར་ཕྱིན་ཁ་ཆེ་པཎ་ཆེན་གྱི་སྐུ། གསོལ་ལྷུང་མཁར་གསིལ་རྭ་གཉིས་མ། རྗེ་ནཱ་རོ་པའི་རྒྱན་དྲུག །རྡོ་རྗེ་གདན་པ་ནཱིཥྐ་ལངྒའི་ཕྱག་དྲིལ་སོགས་བྱིན་རླབས་རྟེན་མང་དུ་བཞུགས་པ་རྣམས་དང༌། དངུལ་གྱི་རྡོ་རྗེ་སེམས་དཔའ་སོགས་བླ་བྲང་འདུ་ཁང་ན་བཞུགས་པའི་རྟེན་ཐམས་ཅད་མཇལ་སྨོན་ལམ་ཡིད་ཆེས་པར་བཏབ། མགོན་ཁང་ན་འཆམ་སྐུ་ལེགས་པོ་གཉིས་བཞུགས་ཀྱི་གདའ་བ་ལ་ཞལ་ཁེབས་བསལ་