R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༥༤
[A:༡༥༤]འཕུར་བྱུང་སྟེ་རགས་ནག་པོའི་འོག་ཙམ་ནས་བསུས། ཕྱིར་འགྲོ་དུས་བྱ་རོག་ཞིག་གིས་རྒྱན་གོང་བར་བསྐྱར་བ་ནི་དེ་སྐབས་ཀྱི་ཟླ་བོ་གཞི་བྱེས་ཐམས་ཅད་ཀྱིས་མཐོང་བ་དེ་ཡིན་མོད། དེ་ནས་ཁྲི་ཁང་ཞབས་དྲུང་དུ་ཤོག་གསུང་བ་ལྟར། སྤྱིར་སྡེ་སྲིད་འདི་པ་དང༌། གནས་གསར་བ་གཉིས་སྐུ་ཉེ་ཐུགས་ནང་གཙང་ལ་ཕན་ཐོགས་པ་རེ་ཆེ་ས་ཞིག་ཡིན་ནའང༌། ངེད་སྤྲང་པོ་རྟོགས་འཁྱམས་པར་སོང་བས། དེ་འདྲའི་ཧམ་པ་བྱས་ཤན་མི་འདུག་མོད། འོན་ཀྱང་བཟའ་གང་ཆེ་སར་རྒྱུག་པ་འདི་བན་སྤྲང་སྤྱིའི་སྲོལ་ཡིན་པ་དང༌། ཁྲི་ཁང་ནས་ངེད་ཀྱི་ཁ་སྟབས་ལ་མ་གཟིགས། དང་མོའི་ཁུངས་ལ་གཟིགས་ནས་ཐུགས་ནང་གཙང་ལ་ཐུགས་མཉེས་པ་དང་བཅས། སྡེ་པ་རིན་པོ་ཆེ་མཆེད་དྲུང་དང༌། སྡེ་པ་སྐུ་མཆེད་ཐམས་ཅད་དང་མཇལ་ཁ་གནང༌། ཞག་ཤས་སྡོད་གསུངས་ནའང༌། རྐང་པ་གཡོན་འདིའི་ནད་དེ་ལངས་འདུག་པས། མཚམས་ཤིག་མི་བྱེད་ཁ་མེད་ཡོད་ནས་ཞག་གཅིག་བསྡད། སྐྱིད་པོ་བསམ་གྱིས་མི་ཁྱབ་པ་བྱུང༌། ཚུར་ལམ་པ་ན་ནོར་བུ་གླིང་ན་ད་ཏི་ཇོ་ཤག་གིས་བཞེངས་པའི་དཔལ་ཆེན་པོ་ཞིག་བཞུགས་པ་དེ་མཇལ་ཞིང་བྱིན་རླབས་ཞུས། མྱུག་ཏུ་སླེབ་མ་ཐག་དགོན་པ་དཀར་པོར་མཚམས་བསྡམས་པའི་དགེ་སྦྱོར་ཡིད་ཆེས་པ་ཞིག་བྱས། དེའི་ལོ་ཕ་གྲུབ་པ་ཅན་ཡབ་སྲས་གསུམ་གྱི་ནང་རྟེན། བླ་མ་རིན་འབྱུང༌། རྡོ་རྗེ་མི་འཁྲུགས་པ། ཚེ་དཔག་མེད། སློབ་དཔོན་ཆེན་པོ་པདྨ། བདེ་མཆོག་ལྷན་སྐྱེས་ཤིག་རྣམས་གསེར་སྐུར་བཞེངས་པར་