R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༦༥
[A:༡༦༥]མཚོ། བདེ་མཆོག་སྦྱངས་པའི་ཡོན་ཏན། ཀྱེ་རྡོ་རྗེ་མན་ངག་ལུགས། དུས་འཁོར་སྡོམ་ཆེན། ཕྱག་ན་རྡོ་རྗེ་གཏུམ་ཆེན། ཀུན་རིག་ས་ལུགས། ཚེ་དཔག་མེད་ལྷ་དགུ། ཚེ་དཔག་མེད་ལྷ་གཅིག་སོགས་དབང་མང་པོ། བདེ་མཆོག་དཀར་པོ། ནཱ་རོ་མཁའ་སྤྱོད། ཕག་དཀར། འཆི་མེད་རྡོ་རྗེ་ལྷ་མོ་སོགས་བྱིན་རླབས་མང་པོ། རྒྱལ་སྲས་བཀའ་འབུམ་དང༌། ཕ་བླ་མའི་བཀའ་འབུམ་སོགས་ལུང་མང་པོ། བདེ་མཆོག་དཀར་པོ་དང༌། ཐུགས་རྗེ་ཆེན་པོའི་དམར་ཁྲིད་སོགས་ཁྲིད་མང་པོ། དཔལ་གུར་གྱི་མགོན་པོ་ལྕམ་དྲལ། ཕྱག་བཞི་དྲུག །རྣམ་སྲས་ཞི་དྲག་སོགས་རྗེས་གནང་གི་ཚོགས་རབ་ཏུ་མང་པོ་སོ་སོའི་བཞེད་པ་དང་མཐུན་པར་ཕུལ། གྲུབ་པའི་དབང་ཕྱུག་སྐྱོ་སྟོན་རིན་པོ་ཆེ་ཡབ་སྲས་སོགས་ལ་རང་བཞིན་རྫོགས་པ་ཆེན་པོ་ཀུན་བཟང་དགོངས་པ་ཀུན་འདུས། དྲག་པོ་དམར་ཆེན། ཚེ་སྒྲུབ་རྡོ་རྗེའི་འཕྲེང་བ། པདྨ་དབང་ཆེན་ཡང་གསང་ཁྲོས་པ། གཤིན་རྗེ་འཆར་ཀ །མ་ཎི་བཀའ་འབུམ་རྣམས་སོ་སོའི་དབང༌། ལུང༌། ཁྲིད། ཆ་ལག་དང་བཅས་པ་དང༌། ཆོས་རྗེ་རང་བྱུང་པ་དཔོན་སློབ་ཁ་ཅིག་ལ་རས་ཆུང་སྙན་བརྒྱུད་གསར་མ་སྨིན་གྲོལ་ཡོངས་སུ་རྫོགས་པ་ཞིག་ཀྱང་བཤད་དེ་མདོར་ན་ཟླ་བ་གསུམ་གྱི་བར་ཉིན་མོ་རྗེ་ཡབ་སྲས་ལ་གསུང་གི་བདུད་རྩི་ཞུས། མཚན་མོ་གཞན་ལ་འཆད་པ་གཙོ་བོར་བྱས། ཕྱིར་ལམ་པ་རྣམ་ལྷུན་གྲུབ་རྩེར་མཁས་པའི་དབང་པོ་དཔལ་སྒང་པ་ལ་རྟ་མགྲིན་ཡང་གསང་ཁྲོས་པ་དང༌། དབྱངས་ཅན་མ་དམར་མོའི་རྗེས་གནང་སོགས་གདམས་ངག་ཁ་ཅིག་ཕུལ། ཟླ་བ་