R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༨༤
[A:༡༨༤]གཉིས་དང༌། ཡོན་ཏན་དུ་མ་ལ་དབང་འབྱོར་ཞིང་སྡེ་དང་བསྟན་པའི་ཁུར་གྱིས་མི་ངལ་བའི་ཆེན་སློབ་ཞལ་ངོ་རྣམ་པ་བརྒྱད་སོགས་གཞིར་བཞུགས་ཀྱི་དགེ་འདུན་དུ་མ་དང༌། རྒྱུད་སྡེའི་དོན་ལ་དབང་འབྱོར་ཞིང༌། གར་དབྱངས་བྲིས་ཐིག་ལ་མཁས་པའི་རིན་ལྡིང་སློབ་དཔོན་ལྷ་མཆོག་པ་དཔོན་སློབ་སོགས་གཞི་བྱེས་ཀྱི་དགེ་འདུན་མང་པོ་ལ་བདེ་མཆོག་སྡོམ་འབྱུང༌། གཤེད་དམར་ལྷ་ལྔ་དང་བཅུ་གསུམ་མ། རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ། ཐུགས་རྗེ་ཆེན་པོ་པདྨ་དྲ་བ། ཚེ་དཔག་མེད་སོ་བདུན་མ། གཟུངས་གྲ་ལྔ། གུར་གྱི་མགོན་པོ་ལྷ་བརྒྱད་སོགས་དབང་མང་པོ། རྒྱུད་སྡེ་ལྔའི་དབང་རྒྱས་པ་སྨིན་བྱེད་དུ་བཏང༌། ཁོག་དབུབས་ཀྱི་བཀའ་གཉིས། གཞུང་ཤིང་གི་བཀའ་བརྒྱད། ཕྱག་ཆེན་བཀའ་ལྔ། མཁའ་སྤྱོད་བཀའ་ལྔ། གསང་སྒྲུབ་གསུམ། རིག་གཏད་དཀར་དམར། རྟ་མགྲིན་གསང་སྒྲུབ། མགོན་པོ་བར་ཆད་ཀུན་སེལ་དང༌། ཡིད་བཞིན་ནོར་བུ་སོགས་སྐབས་བབ་ཏུ་སྦྱར་བའི་ནི་གུའི་ཕྱག་ཆེན་ཆོས་དྲུག་གི་མྱོང་ཁྲིད། ཡི་གེ་མཐའ་དག་གི་ལུང་མ་ཚང་བ་མེད་པ་དང༌། མི་ཏྲ་ཁྲིད་དྲུག་སོགས་ཁྲིད་བྱིན་རླབས་མང་པོ། སྒྲོལ་དཀར། འཇམ་དཀར། སྨན་བླ། འཇམ་དབྱངས། ཨ་ར་པ་ཙ། རྣམ་རྒྱལ༌། རྣམ་འཇོམས། རྟ་མགྲིན་ནག་པོ་ཟླ་རྒྱལ་ལུགས། ཕྱག་ན་རྡོ་རྗེ་ཨུ་ཙརྱ། གོས་སྔོན་ཅན། གཙུག་ཏོར་འབར་བ། གུར་གྱི་མགོན་པོ་ལྕམ་དྲལ། སྟོབས་འཕྲོག་དབང་པོ་བསྙེན་དུས། ཕྱག་བཞི་པ། མགོན་པོ་བེང་དམར་པོ། ལས་ཀྱི་གཤིན་རྗེ། རྣམ་སྲས་ཞི་དྲག །རྡོ་རྗེ་རབ་