R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༨
[A:༡༨]པ་ཞིག་གསལ་བར་གཟིགས་ཏེ་འདི་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བ་རྣམས་དང༌། རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་དང་མན་ངག་ལ་མཁས་པའི་སྐྱེ་བོས་ལྟས་ན་ནི་བསམ་གྱིས་མི་ཁྱབ་པའི་ལམ་རྟགས་སུ་གདའ། ཁ་ཕྱིར་ལྟས་ལ་གོམས་པའི་མཁས་གྲུབ་མང་པོ་ནི་འཁྲུལ་སྣང་དག་བྱ་ཡིན་ལོས་གསུང་ངམ་སྙམ། མདོར་ན་དེ་ལ་སོགས་པ་མཆོག་གི་ལམ་རྟགས་དུ་མ་ཞིག་མངོན་དུ་གྱུར་མོད། རང་ཉིད་ཀྱང་ཐ་མལ་པ་ཁོ་ནའི་ཚུལ་འཛིན། མི་རྣམས་ཀྱང་ཡ་བོ་ནམ་མཁའ་སོགས་མཚན་གྱི་འབོད་ཕྱོགས་མང་པོ་དང་བཅས་དམ་པ་དང་ལྟ་ཅི། མི་གཞུང་མའི་མཐོང་ཡང་མི་བྱེད་པ་དེ་གའི་ངང་ལ་སྦས་པའི་རྣལ་འབྱོར་གྱི་བརྟུལ་ཞུགས་ཀྱིས་ནང་གི་ས་ལམ་བགྲོད་པ་ལ་གཙོ་བོར་མཛད་པ་ཞིག་གདའ། དེ་ལྟར་ཕྱི་ལྟར་སྡེ་པ་དཔོན་པོའི་ཚུལ་འཛིན་མོད། དེང་སང་གི་ནང་སོ་རྣམ་པ་རུ་ང་ལ་དཔའ་ནུས་ཞན་པ་འདི་རྣམས་དང་ཡེ་མི་འདྲ་བ། མནའ་དམ་ཚིག །ཁྲེལ་ངོ་ཚ། གཞུང་ཕྱི་ཐག་གཙོ་བོར་མཛད་ནས། ཟན་གང་ཆང་གཅིག་དང་ལྟ་ཅི། བྱུས་ཀྱི་ཁེ་ཆེན་པོ་བསམ་གྱིས་མི་ཁྱབ་པའང་ཁྱད་དུ་བསད་ནས་མདུང་གཅིག་འཛིན་ཁོ་ན་མ་གཏོགས། ཁྱེ་ཅུང་ཟད་འོང་འོང་འདྲ་ན་དགྲ་མི་ཤ་བོའང་པང་དུ་བླངས་ནས་ཙམ་པག་སྐྱོང༌། གུས་ཅུང་ཟད་འོང་འོང་འདྲ་ན་ཕ་ཡང་རྒྱབ་ཏུ་ཤུགས་ནས་རྡོ་ཆར་འབེབས། ཉི་མ་གང་ཤར་གྱི་ཅམ་པ་ལྷ་མོ་ལ་དགོས་པའི་དབང་དུ་མིང་བཏགས་པའི། ཁེ་ལས་གཏམ་ངན་ཐུ་བ། མི་བརྒྱུད་ཀྱི་བསེགས་བརྡར་དུ་འགྲོ་བ་འདི་འདྲ་དང༌། དགོས་མེད་ལ་འུར་ཤང་ས་འཚོང༌། གཏུགས་