R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༩༥
[A:༡༩༥]དཔོན་གཡོག་རྣམས་ངེད་ཡུན་རིང་ན་མཉེས་རྒྱུ་མེད་ཙམ་འདྲ་ཞིང༌། ངེད་ནི་ལམ་ཞོར་བར་སོང་བས་ཆས་རྐྱེན་མི་འདུག་པ་ཞག་གཉིས་བསྡད་ནས་ཅི་ཤེས་ཀྱི་གསོལ་བ་བཏབ། དངོས་སུ་དབང་ཞུ་བ་ལ་ནི་ཞལ་འཕྲོས་གནང་བའང་ཤིན་ཏུ་དཀའ་བ་ཞིག་འདུག་པས་ཞུ་མ་སྤོབས་ཏིང་ངེ་འཛིན་གྱི་དབང་རྒྱས་པ་དུ་མ་བླངས་ཤིང་གསོལ་བ་བཏབ་ནས་ཕྱིར་འོངས་ཏེ་བསྲེག་ཤིང་རིན་ཆེན་སྒང་དུ་སླེབ། སྒྲུབ་པ་ཞག་གཅིག་ཁ་གསོ་སྙམ་རིལ་བུའི་སྣོད་ཀྱི་དར་ཁུག་གཞལ་བས་སྔ་སོར་འཇུག་དུས་རིལ་བུ་སྙིམ་པ་ཉེར་གསུམ་བདོག་པ་ལམ་བར་དུ་བཞི་འཕེལ་འདུག་པ་བཞིན། དད་ལྡན་ཤིན་ཏུ་མང་པོས་འཛབ་སྐོར་དང་བཅས་དབང་བསྐུར་བ་ན། གཞི་བདག་གལ་ཅང་བ་དེ་ཐ་མལ་པའི་ཁམས་འབྲོག་སྒང་ཡོལ་གཟི་བརྗིད་ཅན་ཞིག་གི་རྣམ་པས་དབང་ཞུ་བ་དང༌། གཏེར་བདག་རྣམས་ཀྱང་སོ་སོའི་གཟུགས་ཀྱིས་སྐོར་བ་ཁྲིམས་པ་སོགས་བྱེད་ཀྱི་འདུག་པ་བཞིན། དད་ལྡན་གསུམ་སྟོང་ཙམ་ལ་དབང་བསྐུར་རིལ་བུ་བཀྱེ་དུས། ནམ་མཁའ་ལ་འཇའ་སྤྲིན་ངོ་མཚར་བ་འདུས། མེ་ཏོག་གི་ཆར་བབས་རྡུལ་དང་ཁྲོམ་འཇམ་ཞིང་ཐམས་ཅད་མི་ཕྱེད་པའི་དད་པ་ལ་དགོད་པར་བྱོས། ཨ་ཧོ་ཨྱོན་མཁན་པོའི་ཐུགས་རྗེ་དང༌། །རྒྱལ་སྲས་པད་དཀར་འཛིན་པའི་སྨོན་ལམ་གྱིས། །མྱོང་གྲོལ་རིལ་བུའི་སྒྲུབ་པ་མཐར་ཕྱིན་ནས། །གྲངས་མེད་འགྲོ་བ་ཕན་བདེའི་དཔལ་ལ་སྦྱར། །སྔ་མོའི་དུས་ཤིག་རྨི་ལམ་དུ་ཁྱོད་ཀྱིས་སེམས་ཅན་འབུམ་ཕྲག་གསུམ་