R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༩༩
[A:༡༩༩]ཡང་མི་ཤེས་པར་འདུག །འོན་ཀྱང་སོ་སོ་ཐར་པའི་རྩ་བ་བཞི་ཆང་དང་ལྔ་པོ་འདི་ཡེ་མ་ཉམས་པར་ཡོད་པའི་ཁུངས་ཡིན། ཕྱིས་སུ་དགོན་པ་ཆེན་པོ་སྐྱོང་དགོས་བྱུང་བ་ནས། རྨུ་རྒོད་ཞི་བས་མི་ཐུབ་བ་ཁ་ཅིག་ལ་ཆད་པ་སོགས་གཏོང་དགོས་པ་བྱུང་བ་ནའང༌། བསམ་པའང་དེ་ཉིད་ལ་ཕན་པ་གཙོ་བོར་བསམས། གཞན་ཡང་སྡེ་དང་བསྟན་པ་ཁོ་ན་ལས་བསམས་པ་མ་གཏོགས་རང་འདོད་ཀྱི་འདྲེས་མེད་པ་བྱས། སྦྱོར་བའང་དངོས་པོ་གང་བྱུང་དགེ་འདུན་སྤྱི་ལ་ཕུལ་བ་མ་གཏོགས་སྒེར་དུ་ནས་དོག་གཅིག་ལའང་ལོངས་མ་སྤྱད། སྐུ་རྒྱལ་སོགས་གང་ཅི་ཐམས་ཅད་ཁོ་རང་རྣམས་ལ་བྱིན། ཐ་ན་དེ་ཚན་གྱི་ཇ་སྦྱོར་གཅིག་ཀྱང་འཐུང་མ་མྱོང་བས་འགྱོད་པ་ཡེ་མེད། ངེད་ཀྱིས་ཉེས་པ་ཅི་ཡང་མ་བགྱིས་བཞིན་དུ་བསམ་སྦྱོར་ངན་པ་དུ་མས་དངོས་དང་བརྒྱུད་ནས་གནོད་པ་བྱེད་པོ་མང་པོ་ཞིག་བཞུད་སོང་ནའང༌། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བདེན་རྫུན་གནམ་ཐིག་དྲང་པོར་བཏབ། གང་ལ་གང་འཚམ་པའི་ཆད་པས་གཅོད་ཀྱི་འདུག་པ་མ་གཏོགས། དིང་སང་གི་སྔགས་པ་ཁ་ཅིག་ལྟར། ལས་འབྲས་རྒྱབ་ཏུ་བོར་བའི་གཏད་ཁྲམ། འཁྲུལ་འཁོར། ཐན་ངན་སྔགས་སུ་གཏོགས་པ་ཐུན་གཅིག་ཀྱང་འདྲེན་མ་མྱོང༌། དིང་སང་ངེད་ཀྱི་ཟླ་རེ་བཞིན་དྲུག་ཅུ་པ་གཏོང་བ་དང༌། སྐབས་སྐབས་སུ་གུར་ཞལ་དང་རྣམ་སྲས་དང༌། འཆར་ཀ་སོགས་མདོས་གཏོར་མང་པོ་འཕེན་པ་ལ་