R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༠༣
[A:༢༠༣]བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་སྣང་བ་ཞེས་བྱ་བར་བཀོད་ཟིན་པས་དོན་དུ་གཉེར་ན་དེར་གཟིགས་པར་བྱ་ཞིང༌། འདིར་རྟོགས་སླ་ཞིང་ཡི་གེ་ཉུང་ངུའི་སླད་དུ་ཐོ་ཙམ་བརྗོད་ན། ཐོག་མར་ཐེག་པ་དམན་པ་ཉན་ཐོས་ཀྱི་གཞུང་ལ་སོ་སོར་ཐར་པའི་མདོ། ཚུལ་ཁྲིམས་དང་ཡང་དག་པར་ལྡན་པའི་མདོ། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་དང༌། དེའི་འགྲེལ་པ་འོད་ལྡན། ཚིག་ལེའུར་བྱས་པ་ལྔ་བཅུ་པ། ཆོས་རྗེ་ཐམས་ཅད་མཁྱེན་པས་མཛད་པའི་ལས་ཆོག་དྲི་མ་མེད་པའི་ཕྲེང་བ། ཀརྨ་ཤ་ཏཾ་གི་ཊཱི་ཀ །ཀུན་མཁྱེན་ནམ་བསོད་ཀྱིས་མཛད་པའི་འདུལ་བའི་བསླབ་བྱ་རྒྱས་པ་རྣམས་ལེགས་པར་ཐོབ། དབུ་སེམས་ལུགས་གཉིས་ཀྱི་སེམས་བསྐྱེད་ལེགས་པར་ཞུས་ནས། ཐེག་ཆེན་ཐུན་མོང་གི་ཆོས། རྒྱལ་བའི་ཡུམ་རྒྱས་པ་འབུམ་དུ་གྲགས་པ་ལེའུ་བདུན་ཅུ་རྩ་གཉིས་བམ་པོ་སུམ་བརྒྱའི་བདག་ཉིད། ཡུམ་འབྲིང་པོ་ཉི་ཁྲི་ལྔ་སྟོང་པ་ལེའུ་བདུན་ཅུ་རྩ་དྲུག་དང༌། ཡུམ་བསྡུས་པ་བརྒྱད་སྟོང་པ་ལེའུ་སོ་གཉིས་ས། རྡོ་རྗེ་གཅོད་པ། སྡུད་པ་ཚིགས་སུ་བཅད་པ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོ་སྡོམ་པ་གསུམ་བསྟན་པ་ནས་བཟུང་སྟེ། གཙུག་ན་རིན་པོ་ཆེས་ཞུས་པའི་བར་མདོའི་རྣམ་གྲངས་བཞི་བཅུ་རྩ་དགུ། འདུས་པ་རིན་པོ་ཆེ་ཏོག་རྣམས་དང༌། སློབ་དཔོན་དཔའ་བོས་མཛད་པའི་བྱང་ཆུབ་སེམས་དཔའི་སྐྱེས་རབས་སོ་བཞི་པ་དང༌། དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པའི་ཆེད་དུ་བརྗོད་པའི་ཚོམས་ཏེ་དད་པའི་གཞུང་གཉིས། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་དང༌། སློབ་དཔོན་