R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༠༤
[A:༢༠༤]འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔས་སྟེ་ལྟ་བའི་གཞུང་གཉིས། རྒྱལ་བའི་སྲས་པོ་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་དང༌། སྤྱོད་པ་ལ་འཇུག་པ་ནི་སྤྱོད་པའི་གཞུང་སྟེ། བཀའ་གདམས་གཞུང་པ་རྣམས་ཀྱི་ཆོས་ཀྱི་ཉིང་ཁུ་གཞུང་དྲུག་ཏུ་གྲགས་པ། བྱང་ཆུབ་སྤྱོད་པའི་སྒྲོན་མ་དང༌། བདེན་པ་གཉིས་ལ་འཇུག་པ་ནས་བཟུང་སྟེ། སྐྱབས་འགྲོ་ཡན་ལག་དྲུག་པའི་བར་གཞུང་ཆུང་བརྒྱད་ཅུ་གྱ་བརྒྱད་ཙམ་བཞུགས་པ་ལ་ཆོས་ཆུང་བརྒྱ་རྩར་གྲགས་པ། བཀའ་གདམས་གླེགས་བམ་རིན་པོ་ཆེ་དང༌། ཐིག་ལེ་བཅུ་དྲུག་གི་ཁྲིད་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོ་བློ་སྦྱོང་གི་ཁྲིད། རྟེན་འབྲེལ་སྙིང་པོའི་ཁྲིད། སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི་ཁྲིད། བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཁྲིད། སྐྱིད་སྡུག་ལམ་ཁྱེར་གྱི་ཁྲིད། སྐྱེ་མེད་དོ་པའི་ལུགས་ཀྱི་གཅོད་ཁྲིད། དེ་དག་སོ་སོའི་ཡི་གེ་མང་པོའི་ལུང༌། བློ་སྦྱོང་མཚོན་ཆ་འཁོར་ལོ། རྨ་བྱ་དུག་འཇོམས། བྱམས་པའི་རྣལ་འབྱོར་པའི་གྱེར་སྒོམ་རྡོ་རྗེའི་གླུ། སེམས་དཔའ་རིམ་པ། རྣམ་དག་གཙུག་གི་ནོར་བུ། འགྲོ་མགོན་དཔལ་ཡེས་མཛད་པའི་ཁྲིད་ཡིག་དང༌། སེམས་དཔའ་ཆེན་པོ་རྒྱལ་མཆོག་པའི་བློ་སྦྱོང་ཟིན་བྲིས་ཆེན་མོར་གྲགས་པ་རྣམས་ཐོབ། ཐེག་ཆེན་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པ་ཉིད་ལའང་དབྱེ་བ་བཞིར་བཞུགས་པའི་དང་པོ་བྱ་བའི་རྒྱུད་ལ་ཡང༌། རིགས་ཀྱི་སྒོ་ནས་དྲུག་ཏུ་ཕྱེ་བ་ལས། དང་པོ་དེ་བཞིན་གཤེགས་པའི་རིགས་ལ། གཙུག་ཏོར་ནས་བྱུང་བའི་གདུགས་ཀར་མོ་ཅན་ཞེ་གཉིས་ཀྱི་དབང་རྒྱས་པ་དང༌།