R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༠༨
[A:༢༠༨]གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་ཟབ་པ་ལས་ཀྱང་ཆེས་ཤིན་ཏུ་ཟབ་པ་མར་ལུགས་ཀྱི་རིམ་པ་ལྔ་དམར་ཁྲིད་མྱོང་ཁྲིད་དུ་ཐོབ་ཅིང༌། སློབ་དཔོན་འཕགས་པས་མཛད་པའི་རིམ་ལྔའི་གཞུང༌། སྒྲུབ་ཐབས་མདོར་བྱས། མདོ་བསྲེ། ཀླུའི་བྱང་ཆུབ་ཀྱི་དཀྱིལ་ཆོག་ཉི་ཤུ་པ། རྣམ་གཞག་རིམ་པ། ཨཱརྱ་དེ་བའི་སྤྱོད་བསྡུས་སྒྲོན་མེ། བདག་བྱིན་རླབས། སེམས་ཀྱི་སྒྲིབ་སྦྱོངས། སྒྲ་གཅན་ཟིན་དཔལ་བཤེས་གཉེན་གྱི་དཀྱིལ་ཆོག་ཟུང་འཇུག་གསལ་བ། གསེར་སྡིངས་པས་མཛད་པའི་བརྒྱུད་པའི་རྣམ་ཐར་སོགས་ནག་ཁྲིད་ཀྱི་ཡི་གེ་ཉི་ཤུ་རྩ་ལྔ། ཆོས་རྗེ་ཐམས་ཅད་མཁྱེན་པས་མཛད་པའི་དམར་ཁྲིད་ཀྱི་ཁྲིད་ཡིག་བརྒྱུད་འདེབས་གཉིས་དང་བཅས་པ་དང༌། ལོ་ཆེན་བྱང་རྩེས་མཛད་པའི་ཁྲིད་ཡིག །འདུས་པ་རྩ་བའི་རྒྱུད་འཕགས་ལུགས་ཐུན་མོང་མ་ཡིན་པའི་བཤད་རྒྱུད་བཞི་དང་བཅས་པ་ཐོས་ཤིང་ཁོངས་སུ་ཆུད་ལ། སློབ་དཔོན་ཡེ་ཤེས་ཞབས་ཀྱིས་བཀྲལ་བའི་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་བླ་མ་པེནྟ་པའི་དཀྱིལ་ཆོག་དང་མཐུན་པར་ས་ལུགས་ཐུན་མོང་མ་ཡིན་པའི་དབང་དང༌། བཞི་བརྒྱ་ལྔ་བཅུ་པ་དང་མཐུན་པར་བརྒྱུད་པ་དུ་མ་བཀའ་བབས་འདུས་པའི་དབང་རྒྱས་པར་ཞུས་ནས་སྒྲུབ་ཐབས་ཀུན་བཟང༌། འཇམ་དཔལ་ཞལ་ལུང༌། གྲོལ་བའི་ཐིག་ལེ། བཞི་བརྒྱ་ལྔ་བཅུ་པ་རྣམས་ཀྱི་ལུང་ཁྲོ་བཅུ་གཉན་ལུགས་ཀྱི་རྗེས་གནང་མན་ངག་དང་བཅས་པའང་ཐོས། སློབ་དཔོན་ཆེན་པོ་མར་མེ་མཛད་ཀྱིས་བཀྲལ་བའི་འདུས་པ་སྤྱན་རས་གཟིགས་