[A:༢༠༧]ཤིང་དྲི་མ་མེད་པ་ལྷ་ཉིས་བརྒྱ་དང་ཉི་ཤུ་རྩ་དགུ། སློབ་དཔོན་སྒེག་པའི་རྡོ་རྗེས་བཀྲལ་བའི་འཇམ་དཔལ་གསང་ལྡན་ལྷ་ལྔ་བཅུ་རྩ་བདུན། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བཀྲལ་བའི་ནམ་མཁའི་དྲི་མེད་རིགས་བསྡུས་པའི་དཀྱིལ་འཁོར་ཏེ་ཐམས་ཅད་མཁྱེན་པ་བུ་སྟོན་ཆེན་པོའི་ཕྱག་ལེན་ལས་འོངས་པའི་དཀྱིལ་འཁོར་བཅུ་གསུམ་པོ་དེ་དག་གི་རྡུལ་ཚོན་ཁོ་ནར་དབང་བསྐུར་བ་དང༌། ཀུན་རིག་རྩ་བའི་དཀྱིལ་འཁོར། ཤཱཀྱ་སེང་གེ་སྐུ། ཚེ་དཔག་མེད་གསུང༌། ཕྱག་ན་རྡོ་རྗེ་ཐུགས། འཁོར་ལོ་སྒྱུར་བ་ཡོན་ཏན། མེ་ལྟར་འབར་བ་འཕྲིན་ལས་ཏེ་འདས་པའི་དཀྱིལ་འཁོར་དྲུག །ཕྱག་ན་རྡོ་རྗེ་ལ་ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་བརྒྱད་རྒྱུ་སྐར་དང་བཅས་པ། འཇིགས་བྱེད་དགུ། རྒྱལ་ཆེན་བཞི། ཕྱོགས་སྐྱོང་བཅུས་བསྐོར་བ་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་སྟེ་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་སུ་གྲགས་པ་སྣུར་ལུགས་ཀྱི་ཕྱག་ལེན་དང༌། ཀུན་རིག་རྩ་བའི་དཀྱིལ་འཁོར་དང༌། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་སྟེ་ས་ལུགས་མ་ཡིན་པ་གཉིས་ཏེ། རྣལ་འབྱོར་རྒྱུད་ཀྱི་དབང་དེ་དག་ཐོས་ཤིང་ཁོང་དུ་ཆུད་པར་བྱས་པ་ཡིན་ནོ། །རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ལའང༌། ཐབས། ཤེས་རབ། གཉིས་སུ་མེད་པ་གསུམ་གྱི་དང་པོ་ལའང་རིགས་དྲུག་གམ་གསུམ་དུ་བཞེད་པ་ལས། འདོད་ཆགས་ཆེན་པོའི་ཐབས། རྒྱུད་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་ཀྱི་རྡུལ་ཚོན་