R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༠༩
[A:༢༠༩]ལྷ་བཅུ་དགུའི་དབང་རྫོགས་པར་ཐོབ། མི་བསྐྱོད་པའི་བྱང་སེམས་ཀྱི་རིགས་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལྷ་བཅོ་བརྒྱད་ཀྱི་དབང་བསྐྱེད་རྫོགས་ཀྱི་ཁྲིད་ཛ་བ་རི་པའི་གཞུང་བཅོ་བརྒྱད་སོགས་རྒྱ་བོད་ཀྱི་ཡི་གེ་མང་པོའི་ལུང༌། པདྨའི་རིགས། དཔལ་བདེ་བ་ཆེན་པོ་རལ་པ་གཅིག་པ་ལྷ་ཉེར་ལྔའི་དཀྱིལ་འཁོར་དུ་དབང་རེ་རེ་ལ་དབང་བཞི་བཞི་སྦྱར་བའི་དབང་རྒྱས་པ། དབང་བསྡུས་པ། ཡེ་ཤེས་འཕོ་བའི་བྱིན་རླབས། ཡུམ་རལ་གཅིག་མའི་བྱིན་རླབས། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་རྣམས་ཞུས་ནས། རྒྱུད་ཀྱི་རྒྱལ་པོ། སྤྱི་འཆིངས་ནང་འཆིངས། སློབ་དཔོན་མི་ཕམ་སྦས་པའི་བཤེས་གཉེན་གྱིས་མཛད་པའི་སྒྲུབ་ཐབས་སོགས་རྒྱ་གཞུང་མང་པོ། དེ་དག་དོན་འགྲེལ་སོགས་རྗེ་ཁྲོ་ཕུ་བས་མཛད་པའི་མདོ་གཞུང་མང་པོ། འཕགས་པ་ཐུགས་རྗེ་ཆེན་པོས་གནང་བའི་རྫོགས་རིམ་སེམས་ཉིད་ངལ་གསོའི་མྱོང་ཁྲིད། དེའི་རྡོ་རྗེའི་ཚིག་རྐང་རྩ་འགྲེལ་སོགས་ཡི་གེ་མང་པོའི་ལུང༌། རྡོ་རྗེ་མཁའ་འགྲོ་གཉིས་ཀྱིས་གནང་བའི་རྫོགས་རིམ་ལ། དབང་པོ་རབ་ཚེ་འདིར་འཚང་རྒྱ་བ་གསེར་བཟོ་མཁན་མཁས་པས་གསེར་ལ་རྒྱན་དུ་བཀོད་པ་ལྟ་བུའི་མན་ངག་ལ་རྡོ་རྗེའི་ལམ། སྦས་པའི་ལམ། གསང་བའི་གསུམ་ཆ་ལག་དང་བཅས་པ། དབང་པོ་འབྲིང་འཆི་ཁར་གྲོལ་བ་ཁྱུང་སྒོང་རྒྱ་ལས་གྲོལ་བ་ལྟ་བུའི་མན་ངག །དབང་པོ་ཐ་མ་བར་དོར་གྲོལ་བ་ཤ་བཙོན་ཁྲི་མོན་ལས་གྲོལ་བ་ལྟ་བུའི་མན་ངག་སོགས་ཡབ་ཀྱི་སྐོར། ཡུམ་གྱི་སྐོར་ལ། བརྒྱུད་པ་ལོ་རྒྱུས་ཀྱི་གདམས་