R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༡༠
[A:༢༡༠]ངག་གིས་གང་ཟག་ཡིད་ཆེས་བསྐྱེད་པ་ནས། སྐུ་གསུམ་རང་ཆས་ཀྱི་མན་ངག་གིས་འཁོར་བ་མ་སྟོངས་བར་དུ་འགྲོ་དོན་བྱ་བའི་བར་གྱི་གསེར་ཆོས་བཅོ་ལྔ། བཀའ་སྲུང་གནོད་སྦྱིན་སྤུན་གཉིས་ཀྱི་གདམས་པ་དང་བཅས་པ་དང༌། ཞེ་སྡང་ཆེན་པོའི་ཐབས་རྒྱུད། དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་བདག་ཉིད་ཅན་གྱི་དབང་བཞི་ཡོངས་སུ་རྫོགས་པ། ཤིན་ཏུ་སྤྲོས་མེད། རྣམ་རྟོག་འོད་གསལ་བདུད་རྩིའི་བྱིན་རླབས་རྣམས་ཞུས་ནས། ཤིན་ཏུ་སྤྲོས་མེད་ཀྱི་མྱོང་ཁྲིད། རྣལ་འབྱོར་དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་ཆེ་ཆུང་སོགས་བསྐྱེད་རྫོགས་ཀྱི་གཞུང་བརྒྱད། ཐེག་ཆེན་ཆོས་རྗེས་མཛད་པའི་གཞུང་བཤད་སོགས་བོད་ཀྱི་ཡི་གེ་མང་པོའི་ལུང༌། དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། རྣལ་འབྱོར་བཞིའི་བྱིན་རླབས། བདུད་རྩིའི་ལྷ་མོ་འོད་འཛིན་མ་དཀར་མོའི་བྱིན་རླབས། འཁྲུལ་འཁོར་གྱི་བྱིན་རླབས། ཕྱིར་བཟློག་གི་བྱིན་རླབས། འཕོ་བའི་བྱིན་རླབས་རྣམས་ཞུས་ནས་རྣལ་འབྱོར་བཞིའི་ཁྲིད། གྲུབ་ཐོབ་ཀྱི་འཁོར་ལོ་སྒྱུར་བ་དཔལ་འཛིན་གྱིས་མཛད་པའི་རྣལ་འབྱོར་བཞིའི་དེ་ཁོ་ན་ཉིད་ལ་སོགས་པའི་གཞུང་བརྒྱད། གློ་བོ་ལོ་ཙཱ་བ་ཆེན་པོའི་ཁྲིད་ཡིག་སོགས་བོད་ཀྱི་ཡི་གེ་རབ་ཏུ་མང་པོ་དང༌། ཡང་གཤིན་རྗེ་གཤེད་དམར་པོ་ཆག་ལུགས་ཐུན་མོང་མ་ཡིན་པ་དབང་སྟེགས་སོགས་དང་བཅས་པའི་དབང་བཞི་རྫོགས་པ། ཆག་ལོ་གསུམ་པའི་ཡི་གེ་མཐའ་དག་དང་བཅས་པའི་ལུང༌། བཅོམ་ལྡན་འདས་གཤིན་རྗེའི་དགྲ་ནག་པོ་ཞང་ལུགས་