R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༡༡
[A:༢༡༡]ཀྱི་དབང་ཡོངས་སུ་རྫོགས་པ། གཤིན་རྗེ་གཤེད་འབྱུང་བ་གྲུབ་ཆེན་ལཱ་ལི་ཏས་མཛད་པ། དེའི་རྣམ་བཤད་གཤིན་རྗེ་གཤེད་ཀྱི་ཞིང་ཁམས་བཀོད་པ་ལ་འཇུག་པའི་རྒྱན་གྱི་ལུང༌། རྭ་ལུགས་ཀྱི་གཤིན་རྗེ་ཞལ་གསུམ་པ་ལྷ་བཅུ་གསུམ་དང༌། ཞལ་དྲུག་པ་ལྷ་ཉེར་གཅིག་པའི་དབང༌། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་མོ་དྲག་པོ་ཁྲོས་པ་ལྷ་བཅུ་གསུམ་པའི་དབང༌། རོ་ལངས་ཆེན་པོ་བརྒྱད་ཀྱིས་བསྐོར་བ་དང༌། དཔའ་བོ་གཅིག་པ་ཕྱག་མཚན་གྱིས་བསྐོར་བའི་དབང་རྣམས་ཞུས་ནས། མཁས་རློམ་ཕལ་ཆེ་བས་མ་ཐོས་ཤིང༌། མོས་པ་ཙམ་ཡང་སྐྱེ་བར་དཀའ་བའི་ཟབ་ཆོས་རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་ཉམས་ཁྲིད། ཐུན་མོང་དུ་གྲགས་པ་རྡོ་རྗེའི་ཚིག་གི་རྣམ་པར་དབྱེ་བའི་ཁྲིད། རྣལ་འབྱོར་བཞིའི་རིམ་པའི་ཁྲིད། བསྐྱེད་རྫོགས་ཟུང་འཇུག་གི་ཁྲིད། དེ་དག་གི་རྒྱ་བོད་ཀྱི་ཡི་གེ་རྣམས་ཀྱི་ལུང༌། རྩ་བའི་རྒྱུད་རྟོག་པ་བདུན་པ་ལ་རྭ་ཆེན་ལོ་ཙཱ་བའི་བཞེད་པ་ཇི་ལྟ་བའི་བཤད་བཀའ་དང༌། སྔགས་བཏུའི་བྱིན་རླབས། རྒྱ་སྟོན་རིན་པོ་ཆེའི་ལུགས་ཀྱི་བཤད་བཀའ། བཤད་རྒྱུད་རྟོག་པ་གསུམ་པའི་བཤད་བཀའ། དངོས་གྲུབ་རྟོག་པ་ཞི་བའི་རྒྱུད། ལས་མཁན་ཏིའུ་ལོ་པའི་རྟོག་པ་སོགས་རྭ་དཔོན་ཤེས་རབ་རྒྱལ་མཚན་གྱི་དཀར་ཆག་དང་མཐུན་པའི་མན་ངག་གི་ཡི་གེ་རྭ་པོད་དུ་གྲགས་པ། རྒྱ་ལྡོང་རྣམ་པ་གཉིས་དང༌། བོད་ཀྱི་དཔལ་འཛིན་གྱིས་སྦྱར་བའི་མན་ངག་ཡི་གེ་རབ་ཏུ་མང་པོའི་ལུང༌། དུག་དབང་རྨ་བྱ་རྒྱས་པ་མན་ངག་དང་བཅས་པ། འཆི་བདག་གཤིན་རྗེའི་དབང་ཕྱུག་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་པ། དམར་པོ་བསེ་བྱ་བཞིས་