R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༡༣
[A:༢༡༣]བཀྲལ་བའི་མཁའ་འགྲོ་རྒྱུན་གཏོར་ལྷ་དགུའི་དབང་མན་ངག་མཐའ་དག་ལུང་དང་བཅས་པ། སློབ་དཔོན་བརྟུལ་ཞུགས་ཀྱི་སྤྱོད་པ་ནག་པོས་བཀྲལ་བའི་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང༌། ནག་པོ་རིམ་བཞི་དང༌། དཔྱིད་ཀྱི་ཐིག་ལེའི་ཉམས་ཁྲིད། སློབ་དཔོན་དེས་མཛད་པའི་བསྐྱེད་རྫོགས་ཀྱི་གཞུང་དྲུག །དེ་དག་གི་ས་བཅད་ཊཱིཀ་སོགས་རྗེ་བཙུན་བརྩེ་བ་ཆེན་པོས་མཛད་པ་སོགས་མན་ངག་འབུམ་དུ་གྲགས་པའི་ལུང༌། སློབ་དཔོན་ལཱུ་ཧི་པས་བཀྲལ་བའི་སྒོང་སྐྱེས་སྦྱོང་བྱེད་ས་ལུགས་ཀྱི་དབང༌། རྩ་དབུ་མའི་ཉམས་ཁྲིད། བསྡུ་བ་གསུམ་པའི་ཁྲིད། བདེ་མཆོག་དཀར་པོའི་བྱིན་རླབས། དེའི་ཁྲིད། དཔལ་མངོན་པར་རྟོགས་པ་སོགས་ལཱུ་ཧི་པ་སྨད་ལྔའི་ལུང༌། ཡང་རྟག་པའི་རྡོ་རྗེ་དང་དཱ་རི་ཀ་པ་སོགས་ཀྱི་གཞུང་གི་དོན་བརྒྱུད་པའི་བཀའ་བབས་བདུན་ལྡན་པའི་དབང་རྒྱས་པ། སློབ་དཔོན་དྲིལ་བུ་ཞབས་ཀྱིས་བཀྲལ་བའི་རྡུལ་ཚོན་ལྷ་ལྔ་དང༌། ཟབ་མོ་ལུས་ཀྱི་དཀྱིལ་འཁོར་གྱི་དབང་དང༌། དྲིལ་བུ་སྐོར་གསུམ་གྱི་ལུང་རིམ་པ་ལྔ་པའི་ཁྲིད། དེའི་བྱིན་རླབས། གྲུབ་ཆེན་ལྭ་བ་པས་བཀྲལ་བའི་སྦྱངས་པའི་ཡོན་ཏན་ལྷ་བཅུ་གསུམ་གྱི་དབང༌། གྲུབ་ཆེན་ཀཱ་ལ་ཀལྤས་བཀྲལ་བའི་རྡོ་རྗེ་མཁའ་འགྲོ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང༌། རྡོ་རྗེ་མཁའ་འགྲོའི་རྒྱུད་འགྲེལ་སློབ་དཔོན་བྷ་བ་བྷ་དྲས་མཛད་པའི་ལུང༌། དཔལ་སྡོམ་པ་འབྱུང་བ་ལྷ་བཅུ་གསུམ་གྱི་དབང༌། གྲུབ་ཆེན་མཻ་ཏྲི་པས་བཀྲལ་བའི་ལྷ་བཅུ་གསུམ་པའི་དབང༌། གྲུབ་ཆེན་ཏཻ་ལོ་པའི་ལུགས་ཀྱི་ལྷ་