R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༡༤
[A:༢༡༤]དྲུག་ཅུ་རྩ་གཉིས། ལྷ་བཅུ་གསུམ། ལྷ་ལྔ་རྣམས་ཀྱི་དབང་བཞི་རྫོགས་པ། རྡོ་རྗེ་ཕག་མོ་ལྷ་མོ་བཅོ་ལྔ། ལྷ་བདུན་མ། ལྷ་ལྔ་མ། ལྷན་ཅིག་སྐྱེས་མ་རྣམས་ཀྱི་བྱིན་རླབས། རས་ཆུང་སྙན་བརྒྱུད་དུ་གྲགས་པའི་ཉམས་ཁྲིད། ནོར་བུ་སྐོར་གསུམ་གྱི་ཡི་གེ་མཐའ་དག་གི་ལུང་སྙན་བརྒྱུད་མགོན་པོའི་རྗེས་གནང་གི་བར་ཡོངས་སུ་རྫོགས་པ། པཎ་ཆེན་ནགས་ཀྱི་རིན་ཆེན་ནས་བརྒྱུད་པའི་སྡོམ་པ་བཅུ་གསུམ་པའི་དབང༌། རྡོ་རྗེ་ཕག་མོ་ལྷ་བཅུ་གསུམ་མའི་དབང༌། དཔལ་མཁའ་འགྲོ་རྒྱ་མཚོ་འཁོར་ལོ་བཅུ་གཉིས་སུ་མངོན་པར་བརྗོད་པ་ལྷ་སྟོང་དགུ་བརྒྱ་དང་བཅོ་བརྒྱད་པའི་དབང༌། དཔལ་སྡོམ་པ་བོང་ཞལ་ཅན་ལྷ་སོ་བདུན་གྱི་དབང༌། ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་གསུངས་པའི་རྡོ་རྗེ་ཕག་མོ་ལྷ་སོ་བདུན། བཅུ་གསུམ། ལྷ་ལྔ་རྣམས་ཀྱི་དབང༌། རྡོ་རྗེ་ཕག་མོ་ཞལ་གཉིས་མ། ནཱ་རོ་མཁའ་སྤྱོད། མཻ་ཏྲི་མཁའ་སྤྱོད་དེ། རྗེ་བཙུན་ས་སྐྱ་པའི་ཐུགས་ཀྱི་ཉིང་ཁུ་མཆོག་བསྒྲུབས་པས་ཐུན་མོང་ཞར་ལ་འབྱུང་བའི་དམར་མོ་སྐོར་གསུམ་གྱི་བྱིན་རླབས། རྩ་དབུ་མའི་ཉམས་ཁྲིད། མི་དབང་ཆོས་གསུམ་སོགས་རྒྱ་བོད་ཀྱི་ཡི་གེ་རབ་ཏུ་མང་པོའི་ལུང༌། ཕག་མོ་ཞལ་གཉིས་མ། དབུ་བཅད་མ། དོན་གྲུབ་མ་སྟེ་དཔྱལ་ལུགས་ཀྱི་ཕག་མོ་སྐོར་གསུམ་གྱི་བྱིན་རླབས། སྒོམ་པ་དྲུག་པའི་ཉམས་ཁྲིད། རྒྱ་གཞུང་བདུན། ཐུན་མོང༌། མཆོག །ཁྱད་པར་གྱི་ཞལ་གདམས་སོགས་ཡི་གེ་རབ་ཏུ་མང་པོའི་ལུང༌། ཕག་མོ་སེར་མོ་རུས་སྦལ་ཞབས་ཀྱི་བྱིན་རླབས། བསྐྱེད་རྫོགས་ཀྱི་ཁྲིད། ཡི་གེའི་ལུང༌།