R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༡༥
[A:༢༡༥] ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་བྱིན་རླབས། དེའི་རྗེས་གནང༌། རྒྱ་བོད་ཀྱི་ཡི་གེ་ཐོར་བུའི་ལུང༌། ཕག་དཀར་པཎ་ཆེན་ལུགས་ཀྱི་བྱིན་རླབས། རས་ཆུང་པའི་ཕག་མོ་ཁམས་གསུམ་མའི་བྱིན་རླབས། ཕག་མོ་སྒར་ལུགས་ཀྱི་བྱིན་རླབས། རླུང་སེམས་དབྱེར་མེད་ཀྱི་ཉམས་ཁྲིད། ཕག་མོའི་རིན་ཆེན་རྒྱན་འདྲའི་བྱིན་རླབས་དང༌། ས་ར་ཧའི་བདེ་མཆོག་དཀར་པོ་ཡབ་ཡུམ་གོ་ལྡོག་པའི་བྱིན་རླབས། གོ་ཆའི་དཔའ་བོ་དྲུག་དང༌། དཔའ་མོ་དྲུག་གི་བྱིན་རླབས། བོ་དོང་པ་ལུགས་ཀྱི་བདེ་མཆོག་དཀར་པོ་ཟབ་པ་བཞི་ལྡན་གྱི་བྱིན་རླབས་མན་ངག་དང་བཅས་པ་རྣམས་དང༌། དཔལ་སངས་རྒྱས་ཐོད་པ་ལྷ་ཉེར་ལྔའི་དབང༌། སྒྱུ་འཕྲུལ་ཆེན་མོ་ལྷ་ལྔའི་དབང་རྣམས་ཐོས། མི་བསྐྱོད་པའི་རིགས་དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་ཆེན་པོ་ལྷ་ཉེར་གཅིག་པའི་དབང༌། རྫོགས་རིམ་གྱི་ཉམས་ཁྲིད། རྒྱུད་ཀྱི་བཤད་བཀའ། མན་ངག་གི་ཡི་གེ་མང་པོའི་ལུང་དང་བཅས་པ། དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་རས་ཆུང་ལུགས་ལྷ་ཉེར་ལྔའི་དབང༌། ལྷ་ལྔ་པའི་དབང༌། དཔའ་བོ་གཅིག་པའི་རྗེས་སུ་གནང་བ། གསང་བ་བསྟན་པའི་རྒྱུད་སོགས་མན་ངག་ཡི་གེ་མང་པོའི་ལུང༌། དཔལ་ཕྱག་ན་རྡོ་རྗེ་ཨུ་ཙཱརྱ་ལྷ་བཅུ་དགུ་པའི་དབང༌། དེའི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ། རྒྱུད་གསུམ་ཆ་ལག་དང་བཅས་པའི་ལུང་རྣམས་ནོས་ཤིང༌། བརྟག་པའི་རིགས་མི་གཡོ་བ་བླ་མེད་ལྷ་བཅུ་གསུམ་པའི་དབང༌། རྒྱུད་དང༌། གློ་ཆེན་གྱི་སྒྲུབ་དཀྱིལ་གྱི་ལུང༌། པདྨའི་རིགས་ལ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་གྲུབ་པའི་རྒྱལ་མོའི་ལུགས་