R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༡༦
[A:༢༡༦]ལྷ་སོ་བདུན་མའི་དབང་བཞི་ཡོངས་སུ་རྫོགས་པ། དེའི་ཉེར་གྲུབ་ཀྱི་དབང༌། ལྷ་བཅུ་གསུམ་མའི་དབང་བཞི། དེའི་དབང་བསྡུས་པ། ལྷ་གཅིག་བུམ་གཅིག་གི་དབང༌། ཚེ་ཟན་ལ་བརྟེན་པའི་དབང༌། ཚེ་ཁྲིད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལུང་དང་བཅས་པ། དཔལ་ཐུགས་རྗེ་ཆེན་པོ་པདྨ་དྲ་བ་ལྷ་ཞེ་དྲུག་གི་དབང་དང༌། རྗེ་མི་ཏྲའི་ལུགས་ཀྱི་གསང་སྒྲུབ་བཅུ་གསུམ་མའི་བྱིན་རླབས། རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེ་ལྷ་ལྔའི་དབང༌། རྟོག་པ་ལེའུ་ལྔ་པ་དང༌། དེའི་མན་ངག་གི་ལུང་རྣམས་ཐོས། རྟ་མཆོག་གི་རིགས། དཔལ་རྡོ་རྗེ་གཞོན་ནུ་ལྷ་ལྔ་བཅུ་རྩ་གཅིག་གི་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང༌། རྒྱུད་དང༌། རྗེ་བཙུན་ས་སྐྱ་པ་ཆེན་པོ་ཡབ་སྲས། རྗེ་བླ་མ་རྣམས་ཀྱིས་མཛད་པའི་ཡི་གེ་རྣམས་ཀྱི་ལུང༌། ཡར་ཕུར་གྱི་རྫོགས་རིམ་ཟབ་མོ་ཨ་ཏི་བསམ་གཏན་གླིང་པའི་ལུགས་ཀྱི་ཉམས་ཁྲིད། དེའི་ཡི་གེ་མཐའ་དག་གི་ལུང༌། རྗེ་བཙུན་སྒྲོལ་མ་ལྷ་བཅུ་བདུན་མའི་དབང༌། སྒྲོལ་མ་ལུས་དཀྱིལ་ལྷ་ཉེར་ལྔའི་དབང་རྣམས་ཐོབ་བོ། །གཉིས་སུ་མེད་པའི་རྒྱུད་ལ། དཔལ་དུས་ཀྱི་འཁོར་ལོ་རྭ་འབྲོ་རྣམ་པ་གཉིས་ཀའི་ཕྱག་ལེན་ཕྱོགས་གཅིག་ཏུ་བྱས་པ། ཆོས་རྗེ་ཐམས་ཅད་མཁྱེན་པའི་བཞེད་པའི་དབང་བདུན། གོང་མ། གོང་ཆེན་དང་བཅས་པ་དང༌། འབྲོ་ལུགས་གཙོ་ཆེ་ཞིང༌། རྒྱུད་འགྲེལ་སོར་བཞག་ལས་རྒྱ་གཞུང་གི་རྗེས་སུ་མི་འབྲང་བ་ཀུན་མཁྱེན་ཇོ་ནང་པའི་ལུགས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག །རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང༌། དཔལ་སྡོམ་པ་ཆེན་པོ་ལྷ་བདུན་ཅུ་རྩ་གཉིས་ཀྱི་དབང༌།