R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༡༨
[A:༢༡༨]མྱོང་ཁྲིད་དང༌། ཚོགས་བཤད་ཀྱི་ཁྲིད། བརྡ་དོན་གསལ་བའི་བྱིན་རླབས་མྱོང་ཁྲིད་དང་བཅས་པ། ལམ་སྦས་བཤད་ཀྱི་མྱོང་ཁྲིད། ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཕྱི་ནང་གི་བྱིན་རླབས། དེའི་མྱོང་ཁྲིད། ནང་གི་ལམ་ཟབ་ཀྱི་བྱིན་རླབས་ཅུང་མི་འདྲ་བ་ཞིག་བླ་མ་རིན་འབྱུང་དང༌། ཚར་གསུམ་ཁུག་པའི་བྱིན་རླབས། རྣམ་འཇོམས་བིར་ལུགས་ལྷ་བདུན་ཅུ་རྩ་ལྔའི་བྱིན་རླབས། རྗེ་བཙུན་བིར་ཝཱ་པའི་སྲུང་བ་གཉིས་ཀྱི་བྱིན་རླབས། བརྡ་ཆིག་བརྒྱུད། སྒྲུབ་པ་ལུང་བྱིན་གྱི་བར་ལམ་ཡོངས་སུ་རྫོགས་པ། བླ་མ་བརྒྱུད་པའི་རྣམ་ཐར། གླེགས་བམ། པོད་ནག་མ། པོ་ཏི་དམར་ཆུང༌། གཞུང་བཤད་སྲས་དོན་མ། དམར་མ་ཟིན་བྲིས་དང་བཅས་པ་སོགས་ཡི་གེ་མང་པོའི་ལུང༌། རྟེན་འབྲེལ་གྱི་སྲུང་བའི་བྱིན་རླབས་སོགས་ཐོས་ཤིང་ཁོངས་སུ་ཆུད་ལ་ཉམས་སུ་མྱོང་བར་བགྱིས་ཤིང༌། གྲུབ་ཆེན་ཌོམྦྷི་པས་བཀྲལ་བའི་འགྲེལ་པ་ལུགས་སུ་གྲགས་པའི་དབང༌། ཌོམྦྷི་བའི་བྱིན་རླབས། དག་པ་གསུམ་གྱི་མྱོང་ཁྲིད། གྲུབ་ཆེན་མཚོ་སྐྱེས་ཀྱིས་བཀྲལ་བ་ནས་གླིང་མར་གྲགས་པའི་དབང༌། ནག་པོ་དམ་ཚིག་རྡོ་རྗེས་བཀྲལ་བའི་སྐུ་གསུང་ཐུགས་སྙིང་པོ་ཀྱེ་རྡོ་རྗེ་སྟེ་དཀྱིལ་འཁོར་བཞིའི་དབང༌། གཙོ་ཆེའི་ཆོས་སྣ་སུམ་ཅུ་རྩ་དགུ་དང༌། ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་དག་ལྡན་སྙེ་མ་བཀའ་འགྲེལ་དང་བཅས་པ་དང༌། ཤར་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་དག་ལྡན་ཁ་སྐོང༌། སྤྱི་དོན་ལུང་འགྲེལ། ཆོས་རྗེ་རྡོ་རྗེ་འཆང་གིས་མཛད་པའི་གནད་ཀྱི་ཟླ་ཟེར་སོགས་ཡི་གེ་རབ་ཏུ་མང་པོ་ཞིག་ཐོབ་ལ། དཔལ་རྡོ་རྗེ་གུར་རིགས་བསྡུས་པ་