R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༡༩
[A:༢༡༩]མན་ངག་ལུགས་འགྲེལ་ས་ལུགས་ཀྱི་དབང༌། དཔལ་སཾ་བྷུ་ཊ་རྡོ་རྗེ་དབྱིངས་ཀྱི་དབང༌། དྲག་པོ་གདན་ཅན་ལྷ་བདུན་གྱི་དབང་རྣམས་ཐོས། རྒྱུད་སྡེ་སྤྱིའི་དགོངས་པ་འགྲེལ་པ། པཎ་གྲུབ་དབང་པོ་ཨ་བྷཱ་ཡས་མཛད་པའི་རྡོ་རྗེ་ཕྲེང་བར་གསུངས་པའི་དཀྱིལ་འཁོར་ཞེ་གཉིས་དང༌། གྲུབ་ཆེན་དརྤཎ་གྱིས་མཛད་པའི་བྱ་བ་བསྡུས་པར་གསུངས་པའི་དཀྱིལ་འཁོར་ཞེ་ལྔ། གྲུབ་ཆེན་མི་ཏྲ་ཡོ་གིས་མཛད་པའི་རྡོ་རྗེ་ཕྲེང་བར་གསུངས་པའི་དཀྱིལ་འཁོར་བརྒྱ་དང་བརྒྱད་རྣམས་ཀྱི་སོ་སོའི་ལུགས་ཀྱི་དབང་ཡོངས་སུ་རྫོགས་པ། རྒྱ་གཞུང་སོ་སོའི་ལུང་དང་བཅས་པ། རྗེ་བཙུན་བ་རི་ལོ་ཙཱ་བས་སྤྱན་དྲངས་པའི་སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་སུ་གནང་བ་བརྒྱད་ཅུ་ཐམ་པ་གཟུངས་དང་སྒྲུབ་ཐབས་སོགས་དགུ་བཅུ་རྩ་དྲུག་གི་ལུང་དང་བཅས་པ། ཤུད་སྐྱེ་གྲགས་པ་རྒྱལ་མཚན་གྱིས་སྤྱན་དྲངས་པའི་སྒྲུབ་ཐབས་རྒྱ་མཚོར་གྲགས་པའི་རྗེས་གནང་བརྒྱ་དང་བཞི་བཅུ་ཐམ་པ། སྒྲུབ་ཐབས་ཉིས་བརྒྱ་བཞི་བཅུའི་ལུང་དང་བཅས་པ། རྗེ་བཙུན་ཁྲོ་ཕུ་ལོ་ཙཱ་བས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་པདྨའི་འཕྲེང་བར་གྲགས་པའི་རྗེས་གནང་བརྒྱ་རྩ་བརྒྱད་ལུང་དང་བཅས་པ། ཇོ་བོ་ཆེན་པོ་རྗེའི་ཐུགས་དམ་རྗེ་བཙུན་སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་རྗེས་སུ་གནང་བ་ཉི་ཤུ་རྩ་གཅིག་སྒྲུབ་ཐབས་ཀྱི་ལུང་དང་བཅས་པ། ཙ་མི་ལོ་ཙཱ་བ་སྨོན་གྲུབ་ཤེས་རབ་ཀྱིས་སྤྱན་དྲངས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བྱིན་རླབས། སོ་སོའི་རྟོགས་བརྗོད་བརྒྱད་ཅུ་རྩ་བཞིའི་ལུང་དང་བཅས་པ་རྣམས་དང༌། ཟུར་བཀའ་རྗེས་