R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༡༧
[A:༢༡༧] ལས་རྒྱས་པའི་ལྷ། སྣ་ཚོགས་ཡུམ། རྡོ་རྗེ་ཤུགས། ཁྱུང་ཁྲ་རྣམས་ཀྱི་རྗེས་སུ་གནང་བ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ། རྒྱ་ཆེར་འགྲེལ་པ་དྲི་མ་མེད་པའི་འོད་དང་བཅས་པ། ཆོས་རྗེ་བླ་མ་དམ་པས་མཛད་པའི་ཊཱིཀ་ཆེན་གྱི་སྟེང་ནས་བཤད་བཀའ་ཤིན་ཏུ་རྒྱས་པ། རྡོ་རྗེ་སྙིང་པོའི་འགྲེལ་པ་དང༌། བདེ་མཆོག་བསྟོད་འགྲེལ། དབང་མདོར་བསྟན། རྒྱུད་ཕྱི་མ། བླ་མ་ཡོངས་བཟུངས་ཀྱི་རྒྱུད་རྣམས་དང༌། སྦྱོར་བ་ཡན་ལག་དྲུག་པའི་ཉམས་ཁྲིད་བུ་དོལ་རྗེ་བླ་མའི་ལུགས་ཏེ་གསུམ། པཎ་ཆེན་ནགས་རིན་ལུགས་དང༌། དེ་དག་དང་འགྲེལ་བའི་རྒྱ་བོད་ཀྱི་ཡི་གེ་རབ་ཏུ་མང་པོ་མཐའ་ཡས་པའི་ལུང༌། གྲུབ་ཆེན་ཨྱོན་པས་རྡོ་རྗེ་རྣལ་འབྱོར་མ་ལས་དངོས་སུ་ནོས་པའི་ཟབ་ལམ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་མྱོང་ཁྲིད། ཟླ་སེང་བའི་ལུགས་མ་ཚང་བ་མེད་པ་དང༌། བསོད་ནམས་འོད་ཟེར་བའི་གཞུང་བཤད་སོགས་ཡི་གེ་མང་པོའི་ལུང་རྣམས་ཐོས་ཤིང་ཁོངས་སུ་ཆུད་པར་བགྱིས། དཔལ་ཀྱེ་རྡོ་རྗེའི་ཕྱོགས་ལ་བཀའ་བབས་བཞི་བཞུགས་པ་ལས་ཐོག་མར་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་བིར་ཝཱ་པའི་གསུང་གི་མན་ངག རྗེ་གྷ་ཡ་དྷ་ར་ལས་བརྒྱུད་དེ་འོངས་པ་མན་ངག་ལུགས་སུ་གྲགས་པའི་ཡབ་ཀྱི་རྒྱུད་དང་ལམ་གྱི་དབང་གི་ཆུ་བོ་མ་ནུབ་པ། ཡུམ་གྱི་རྒྱུའི་དབང༌། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་རྣམས་ཞུས་ནས། བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སློབ་བཤད་ཐུན་མོང་མ་ཡིན་པའི་