R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༢༠
[A:༢༢༠]གནང་ཐོར་བུ་བ། རྗེ་མི་ཏྲ་ཡོ་གའི་བྱིན་རླབས་མན་ངག་དང་བཅས་པ། རྗེ་བཙུན་ས་སྐྱ་པའི་ཁྱད་པར་གྱི་མན་ངག་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་ཚེ་དཔག་མེད་སྤྲུལ་སྐུའི་བྱིན་རླབས། ཆག་ལོའི་ལུགས་ཀྱི་ཚེ་དཔག་མེད་དཀར་པོ། པཎ་ཆེན་ནགས་རིན་ལུགས་ཀྱི་ཚེ་དཔག་མེད་དཀར་པོ། རྗེ་བཙུན་མི་ལའི་ཚེ་དབང་གོང་ཁུག་མ། རས་ཆུང་པའི་ཚེ་སྒྲུབ་ཕྱི་ནང་གསང་གསུམ་གྱི་རྗེས་གནང༌། ཚེ་དཔག་མེད་སྟོད་ལུགས་ལྷ་ཉེར་གཅིག་གི་ཚེ་དབང༌། བྲམ་ཟེ་སྡོམ་བཟང་ལུགས་ཀྱི་ཐུབ་པ་གཙོ་འཁོར་ལྔ། སྨན་བླ་བདེ་གཤེགས་བརྒྱད། འཇམ་དབྱངས་ཨ་ར་པ་ཙ་ན། འཇམ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ། འཇམ་དཔལ་དཔའ་བོ་གྲུབ་པ། འཇམ་དབྱངས་སྨྲ་བའི་སེང་གེ །འཇམ་དབྱངས་ཤེས་རབ་འཁོར་ལོ། འཇམ་དཔལ་ནག་པོ། འཇམ་དབྱངས་དཀར་པོ། དབྱངས་ཅན་མ་དཀར་མོ་དབྱངས་ཅན་དམར་མོ། བོ་དོང་པའི་ཐུགས་དམ་ལྷ་ལྔ། ཤེར་ཕྱིན་དཀར་མོ། ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད། ཨུ་ཙ་བྱ་རྒྱུད་ལུགས། ཕྱག་རྡོར་མདོར་བསྡུས། གཏུམ་ཆུང་མེའི་གྲ་གུར་མ། ཕྱག་རྡོར་འགྲོ་བཟང་ཆེ་བར་གྲགས་པའི་ཁྱུང་ལྔ་པ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན། རྣམ་འཇོམས་སྔོ་ལྗང༌། ཆག་ལུགས་ཀྱི་རྣམ་འཇོམས་མཐིང་ནག །སྤྱན་རས་གཟིགས་གཙོ་འཁོར་གསུམ་པ། དགེ་སློང་མ་དཔའ་མོའི་ལུགས་ཀྱི་གཙོ་འཁོར་གསུམ་པ། ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལྷ་བཅུ་དྲུག་པ། བཅུ་གཅིག་ཞལ། སེང་གེ་སྒྲ། དོན་ཞགས་དཔའ་བོ་གཅིག་པ་གསོ་སྦྱོང་རང་གིས་བླང་བ་དང་བཅས་པ། དོན་ཞགས་ལྷ་ལྔ་པཎ་