R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༢༡
[A:༢༢༡]ཆེན་ནགས་རིན་ལུགས་ཀྱི་ཁརྶ་པཱ་ཎི་ལྷ་དགུའི་བྱིན་རླབས་ཁྲིད་དང་བཅས་པ། རྟ་མགྲིན་ཇོ་བོ་ལུགས་ཞལ་གསུམ་ཕྱག་དྲུག་པ། ཇོ་བོ་ལུགས་ཞལ་གཅིག་ཕྱག་གཉིས་པ། བྱང་སེམས་ཟླ་རྒྱལ་ནས་བརྒྱུད་པའི་རྟ་མགྲིན་ནག་པོ། གྲུབ་རྒྱལ་ལུགས་ཀྱི་རྟ་མགྲིན་ནག་པོ། གཙུག་ཏོར་རྣམ་རྒྱལ་ལྷ་དགུ། གཙུག་ཏོར་འབར་བ་ལྷ་གསུམ། སྨེ་བརྩེགས་དུད་ཁ། ཇོ་བོ་ལུགས་ཀྱི་སྨེ་བརྩེགས། མཁས་བཙུན་དགེ་རྟག་པའི་ལུགས་ཀྱི་སྨེ་བརྩེགས། ཁྲོ་མོ་སྨེ་བརྩེགས། མི་གཡོ་བ་དཀར་པོ། མི་གཡོ་བ་སྔོན་པོ། རི་ཁྲོད་ལོ་མ་ཅན། མྱ་ངན་མེད་པའི་འོད་ཟེར་ཅན། མཁའ་འགྲོ་མ་སེང་གེའི་གདོང་ཅན་ནག་མོ། སེང་གདོང་དམར་མོ། སེང་གདོང་ནག་མོ་ལྷ་ལྔ། ས་སྐྱ་པའི་གདམས་པ་ཁྱུང་ནག་འབྱུང་པོ་འུར་འདེད། གཉན་སྒྲོལ་ཡན་ལག་དྲུག་པ། སྒྲོལ་མ་དཀར་མོ་ཚེ་སྦྱིན་མ་བརྒྱུད་པའི་བཀའ་བབས་བདུན་ལྡན། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་རྗེས་གནང་ཐུན་མོང་མ་ཡིན་པ། དེའི་མྱོང་ཁྲིད། ཡང་སྒྲོལ་དཀར་གྱི་ཚེ་ཁྲིད་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་དང་བཅས་པ། དབང་གི་སྒྲོལ་མ་དམར་མོ་ནོར་རྒྱུན་མ་ལྷ་བཅུ་དགུ། ཁ་ཆེ་པཎ་ཆེན་གྱི་ཁྱད་པར་གྱི་གདམས་པ་ཛཾ་ནག་ཕྱི་སྒྲུབ་སྦས་པ་བུམ་འཁྱིལ། ནང་སྒྲུབ་ཞལ་གསུམ་ཕྱག་དྲུག་པ་ལྷ་དགུ། ཆག་ལོ་ཙཱ་བའི་ཁྱད་ཆོས་གསང་བ་འདུས་པར་གསུངས་པའི་ཛཾ་སེར་ཞལ་གསུམ་ཕྱག་དྲུག་པ། རྗེ་གྷ་ཡ་དྷ་ར་ནས་བརྒྱུད་པའི་ཛམ་དམར་སྲོག་སྒྲུབ། པཎ་ཆེན་ལུགས་ཀྱི་ཛམ་དམར། ཛམ་དཀར་འབྲུག་ཞོན་ལྷ་ལྔ་རྣམས་སོ་སོའི་