R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༢༢
[A:༢༢༢]རྗེས་སུ་གནང་བ། རྒྱ་བོད་ཀྱི་ཡི་གེ་མང་པོའི་ལུང་དང་བཅས་པ་དང༌། རྗེ་བཙུན་ས་སྐྱ་པའི་ཁྱད་པར་གྱི་གདམས་པ་ཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འབྱུང་བ། དམར་པོ་སྐོར་གསུམ་དུ་གྲགས་པ་ལ། རྗེ་བཙུན་རིག་བྱེད་མ་ཕྱི་སྒྲུབ་དཔའ་མོ་གཅིག་པའི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ། གསང་སྒྲུབ་ལྷ་ལྔའི་བྱིན་རླབས། ཀུ་རུ་ཀུལླེ་དཀར་མོའི་རྗེས་གནང༌། ཁྲོ་བོ་འདོད་པའི་རྒྱལ་པོའི་རྗེས་གནང༌། དཔལ་ཚོགས་ཀྱི་བདག་པོ་ཁམས་གསུམ་གྱི་འཁོར་ལོ་སྒྱུར་བ་ཆེན་པོའི་ཐུན་མོང་བ་ཐུན་མོང་མ་ཡིན་པ་ཁྱད་པར་གྱི་རྗེས་གནང༌། ཚོགས་བདག་ཆགས་པ་རྡོ་རྗེ་ལྷ་བཞིའི་རྗེས་གནང༌། དེའི་མན་ངག་གི་ཚོགས་རབ་ཏུ་མང་པོའི་ལུང་དང་བཅས་པ་དང༌། དཔལ་མོ་སྙིང་གི་གསེར་ཐག་ཅན། ལྷ་མོ་ཏི་ནུ། ནོར་རྒྱུན་མ་དམར་མོ་སྟེ་དམར་ཆུང་མ་སྐོར་གསུམ་དུ་གྲགས་པའི་རྗེས་གནང་མན་ངག་དང་བཅས་པ་ཐོས་ལ། དེ་དག་གི་བསྟན་པ་སྲུང་བར་བྱེད་པ། ཇོ་བོ་རྗེའི་ཐུགས་དམ་མགོན་པོ་གསུམ་སྦགས་མའི་ཕྱི་སྒྲུབ་ཀྱི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ། གསང་སྒྲུབ་ཀྱི་རྗེས་གནང༌། ལྷ་མོ་རེ་མ་ཏིའི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང༌། དཔལ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལ་རྩ་བའི་བཀའ་བབས་བཞི་བཞུགས་པ་ལས། རྗེ་འབྲོག་མི་ནས་བརྒྱུད་པ་གྲི་གུག་ལྷ་ལྔའི་སིནྡྷུ་རའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ། དཔའ་བོ་གཅིག་པའི་རྗེས་གནང་དང་བཅས་པ། བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་ཕོ་རྐྱང་དཔའ་བོ་གཅིག་པ། མལ་ལོ་ཙཱ་བ་ནས་བརྒྱུད་