R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༢༣
[A:༢༢༣]པ་ལ། ལྷ་ལྔ། ལྷ་བརྒྱད། ལྷ་བཅུ་གཉིས་མ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ཕོ་རྐྱང༌། ཁྲོ་བོ་བཅུ། ལྕམ་དྲལ། ལྷ་བརྒྱད། ལྷ་བཅུ་གཉིས་མ། ཟངས་གྲི་སྐོར་གསུམ། པུ་ཏྲ་རྣམས་ཀྱི་རྗེས་སུ་གནང་བ། ཕྱི་ནང་གསང་བའི་མན་ངག་ཇི་སྙེད་པ་དང་བཅས་པ། དཔལ་ནག་པོ་ཆེན་པོ་གྱི་ལྗང་ལུགས་ཀྱི་ལྷ་བཅུ་བདུན་པའི་དབང༌། རྒྱུད་ཀྱི་བཤད་པ་མན་ངག་དུ་མས་བརྒྱན་པ། པཎ་ཆེན་ནགས་རིན་ནས་བརྒྱུད་པའི་གུར་མགོན་ལྷ་ལྔའི་རྗེས་གནང་མན་ངག་དང་བཅས་པ། དཔལ་དུད་སོལ་ལྷ་མོ་ཕྱི་སྒྲུབ་ཀྱི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ། གསང་སྒྲུབ་ཀྱི་རྗེས་གནང་ནན་ཆགས་མར་གྲགས་པ། རྒྱུད་གསུམ་མན་ངག་དུ་མ་དང་བཅས་པ། དཔའ་བོ་སྟོབས་འཕྲོག་དབང་པོ། བསྙེན་སྒྲུབ། ལས་སྦྱོར། སྤོགས་ཆོག །དམ་ཚིག་མགོན་པོ། དཀར་པོ་ཚེ་འཕེལ། སེར་པོ་བསོད་ནམས་རྒྱས་བྱེད། ཁྱུང་ཞལ་ཅན་རྣམས་ཀྱི་རྗེས་སུ་གནང་བ་ཕྱི་ནང་གསང་བའི་མན་ངག་ཟབ་ཅིང་གཉན་པ་ཤིན་ཏུ་མང་པོ། དཔལ་དུར་ཁྲོད་བདག་པོའི་རྗེས་གནང༌། གསང་བ་སྙིང་གི་འཁོར་ལོའི་རྒྱུད་རྒྱ་བོད་ཀྱི་ཡི་གེ་མང་པོ་དང་བཅས་པ། དཀར་བདུད་ལྕམ་དྲལ་གྱི་རྗེས་གནང་རྒྱུད་དང་མན་ངག་དུུ་མས་མཛེས་པ་དང༌། དཔལ་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཞི་བ་བདེ་བྱེད་དྲེགས་བྱེད་དང་བཅས་པ་དང༌། ཞི་བ་བདེ་བྱེད། རྣམ་སྲས་སྟོད་ལུགས། ལྗང་སེར་བེ་ཅོན་མ། དྲག་བྱེད་སེང་ཞོན་མ་ཀླུ་བརྒྱད་ཀྱིས་བསྐོར་བ་མཐིང་ཁ་ཞལ་གསུམ་ཕྱག་དྲུག་པ་ལྷ་བཅོ་ལྔ་པ།