R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༢༤
[A:༢༢༤] རྣམ་སྲས་སྤྲིན་གསེབ་མ། མགོན་པོ་གར་མཁན་མཆོག་དམར་སྨུག་ཞལ་གསུམ་ཕྱག་བཅོ་བརྒྱད་པ་ལྷ་བརྒྱད་པ། གར་མཁན་མཆོག་ལྗང་གུ་ཞལ་གཅིག་ཕྱག་བཅོ་བརྒྱད་པ། ནང་མ་མོ་ལྟར་སྒྲུབ་པ་རྟ་སྔོན་ཅན་བདུད་མོ་དགུས་བསྐོར་བ། གསང་བ་གཤིན་རྗེ་ལྟར་སྒྲུབ་པ་མདུང་དམར་ཅན་ལྷ་བཅུ་གསུམ་པ། ཡང་གསང་མདུང་དམར་ཅན་ཕྱག་མཚན་བཞི་པ་ལྷ་བཅུ་གསུམ་པ། ལས་མཁན་དང་བཅས་པའི་མདུང་དམར་ཅན། ཡང་གསང་དྲག་པོ་རབ་ཏུ་ཁྲོས་པ་སྲིན་པོ་བཞི་སྐོར། དཀར་པོ་ཚེ་འཕེལ་ལྷ་དགུ་རྣམས་ཀྱི་རྗེས་སུ་གནང་བ། གར་མཁན་མཆོག་གི་བརྟག་པ་དང༌། སྣོད་གྲུབ་པའི་རྒྱུད་སོགས་རྒྱུད་མང་པོ། བདེ་བྱེད་ཀྱི་རྟོག་པ་སོགས་རྒྱ་གཞུང་མང་པོ། མགུལ་ཁུག་སྲོ་མ་ཅན་སོགས་བོད་ཀྱི་ཡི་གེ་རབ་ཏུ་མང་པོའི་ལུང༌། མགོན་པོ་བེད་དམར་ལྷ་གཉིས་པའི་རྗེས་གནང༌། མགོན་པོ་ཞལ་དམར་ཅན་ལྷ་ཉེར་དྲུག་པའི་རྗེས་གནང་མན་ངག་དུ་མ་དང་བཅས་པ། ལྷ་མོ་རྡོ་རྗེ་རབ་བརྟན་མའི་རྗེས་གནང༌། བཀའ་གཏད། ནེ་རྐྱལ་མར་གྲགས་པའི་ལུང༌། ལྷ་མོ་དམག་ཟོར་རེ་མ་ཏིའི་རྗེས་གནང་ནག་མོ་སྲོག་སྒྲུབ་སོགས་མན་ངག་དུ་མའི་ལུང༌། གནོད་སྦྱིན་བེག་རྩེ་ཅན་གྱི་རྗེས་སུ་གནང་བ་རྒྱུད་གཉིས་ཆ་ལག་དང་བཅས་པའི་ལུང་རྣམས་ཐོབ། གཞན་ཡང་སློབ་དཔོན་ཆེན་པོ་པདྨ་རྡོ་རྗེས་མཛད་པའི་གསང་བ་གྲུབ་པ་སོགས་གྲུབ་པ་སྡེ་བདུན། བྲམ་ཟེ་ཆེན་པོའི་དོ་ཧ་མཛོད་སོགས་སྙིང་པོ་སྐོར་གསུམ། ཏོག་རྩེ་བའི་བསམ་མི་ཁྱབ་སོགས་ཕྲ་མོ་སྟེ་ཕྱག་རྒྱ་ཆེན་པོའི་དོན་སྟོན་པའི་གཞུང་དེ་དག་གི་ལུང་དང་རྡོ་རྗེ་ཕག་མོའི་བྱིན་རླབས་