R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༢༥
[A:༢༢༥]དང༌། ཤཱ་བ་རི་དབང་ཕྱུག་གི་བརྡ་དབང་ཟབ་མོ་ཞུས་ནས། དོ་ཧ་སྐོར་གསུམ་གྱི་བཤད་པ་སྤར་ཕུ་བའི་ལུགས་ཤིན་ཏུ་རྒྱས་པ། ཕྱག་རྒྱ་ཆེན་པོའི་བརྡའི་མན་ངག །རྒྱ་གར་གསང་གཅོད་ཆེ་ཆུང་གི་ཁྲིད་ལུང་དང་བཅས་པ། ཐུགས་རྗེ་ཆེན་པོ་ལྷ་ལྔའི་དབང་ཞུས་ནས་དམར་ཁྲིད་ཚེམ་བུ་ལུགས། བྱང་ཆུབ་བཟང་པོའི་ལུགས་གཉིས་ཀྱི་ཉམས་ཁྲིད་ལུང་དང་བཅས་པ། ཕག་མོ་དབུ་བཅད་མའི་བྱིན་རླབས། སོ་རིག་པ་གཅེར་མཐོང་གི་ཁྲིད་ལུང་དང་བཅས་པ། ཞི་བྱེད་ཨུཏྤལ་གསེར་གྱི་འདབ་དྲུག་གི་ཁྲིད། སྙིང་པོ་དོན་གསུམ་གྱི་ཉམས་ཁྲིད་ལུང་དང་བཅས་པ། ཐུགས་རྗེ་ཆེན་པོ་ལྷ་བཅུ་གསུམ་པའི་དབང༌། རྗེ་བཙུན་འཇམ་དབྱངས། ཕྱག་ན་རྡོ་རྗེ། ཚེ་དཔག་མེད། སྒྲོལ་མ་སྔོ་ལྗང༌། ཛམ་བྷ་ལ་སེར་པོ་སྟེ་ལྔའི་རྗེས་སུ་གནང་བ་ཞུས་ནས་སྐུ་འཇམ་དཔལ་གྱི་ཁྲིད་ཤེས་རབ་བློ་འཕེལ་རྒྱན་གྱི་འཁོར་ལོ་སོགས་མི་ཏྲ་ཁྲིད་དྲུག་ཏུ་གྲགས་པའི་ཉམས་ཁྲིད་ཡི་གེ་མ་ཚང་བ་མེད་པའི་ལུང༌། བཀའ་སྲུང་བྲག་ལྷ་མགོན་པོའི་རྗེས་གནང་དང་བཅས་པ། ཐུབ་པའི་ལྷ་ཁྲིད། ཐུགས་རྗེ་ཆེན་པོའི་དམར་ཁྲིད། སྒྲོལ་མ་རྗེས་དྲན་ལྔ་པ། མི་གཡོ་བའི་ཆོས་དྲུག་སྟེ་བཀའ་གདམས་ལྷ་བཞིའི་ཁྲིད་ལུང་དང་བཅས་པ། ཁྲོས་ནག་ལྷ་ལྔའི་དབང་ཞུས་ནས་གཅོད་ཟབ་དོན་ལུགས་ཀྱི་ཉམས་ཁྲིད་ཡི་གེ་མ་ཚང་བ་མེད་པའི་ལུང༌། མ་གཅིག་མཁའ་འགྲོ་སྡེ་ལྔས་བསྐོར་བའི་བྱིན་རླབས་ཞུས་ནས་གཅོད་བཀའ་གསོ་མ་རྒྱལ་ཐང་ལུགས་སུ་གྲགས་པའི་ཉམས་ཁྲིད་ཡི་གེ་མ་ལུས་པའི་ལུང༌། གཅོད་ཡུལ་མ་ཁྲིད་ཆེན་པོའི་ཉམས་ཁྲིད་ལུང༌།